国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月25日

ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས་22ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་ཆབ་མདོའི་ཐོག་ཁང་ཆེ་མོའི་གཅིག་ཐོག་གི་ནུས་མང་ཚོམས་ཆེན་དུ་འཚོགས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆིས་དབྱིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

རྒྱུན་ལས་ཚོགས་འདུར་ཞུགས་དགོས་པའི་མི39ཡོད་པ་དང་། དངོས་སུ་ཞུགས་པའི་མི32ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

ཚོགས་འདུའི་ཐོག་《ཆབ་མདོ་གྲོང་ཁྱེར་ས་གནས་ཀྱི་ཁྲིམས་འཛུགས་སྲོལ་ཡིག(འཆར་ཟིན)》(གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན)ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། 《ཆབ་མདོ་གྲོང་ཁྱེར་ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཞིབ་བཤེར་བསམ་འཆར། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི2023ལོའི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཞིབ་བཤེར་བསམ་འཆར། ཆབ་མདོ་གྲོང་ཁྱེར་གྱི2024ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི(འཆར་ཟིན)སྐོར་གྱི་ཞིབ་བཤེར་བྱས་འབྲས་བཅས་ཀྱི་སྙན་ཞུར་གསན་པ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་《ཆབ་མདོ་གྲོང་ཁྱེར་ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་དང་། 2023ལོ་འཁོར་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། ཆབ་མདོ་གྲོང་ཁྱེར་གྱི2024ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་མ་ཟིན།(འཆར་ཟིན)སྐོར་གྱི་སྙན་ཞུ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འབབ་འཕར་གནས་ཚུལ་སྐོར་གྱི་སྙན་ཞུ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཆེད་དོན་ལས་དོན་གྱི་སྙན་ཞུ་བཅས་ལ་གསན་པ། ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་འཐུས་མི་རེ་ཟུང་གི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་དང་འབྲེལ་ཡོད་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་གསལ་བཤད་་སོགས་ལ་ཉན་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།