国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月25日

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》ལག་བསྟར་ དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་འདྲི་རྩད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས22ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། ངེད་གྲོང་ཁྱེར་གྱིས《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་འདྲི་རྟོག་བྱས་པ་རེད།

ཚོགས་འདུའི་ཐོག གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི11གིས་གྲོང་ཁྱེར་ཡོངས་ཀྱི《ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་དམིགས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ཡུལ་དངོས་སུ་འདྲི་རྩད་བྱས་པ་དང་། གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་ཡུལ་དངོས་སུ་ལན་བསྐྱོན་པ་རེད། ཧྲེ་ཀྲང་གཞོན་པ་ཝུའུ་ཅན་གྱིས《ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》སྔར་བས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་དང་། ཚོགས་ཞུགས་མི་སྣས་ཚན་པ་ཁག་གི་དྲི་བར་ལན་བསྐྱོན་པར་བློ་ཡིད་ཚིམ་ཚད་ལ་དཔྱད་བསྡུར་བྱས་པ་རེད།

ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་དགོས། ཆེད་དོན་འདྲི་རྟོག་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་བརྗོད་དོན་མི་འདྲ་བ་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ། རིམ་བཞིན་མཐོར་འདེགས། རྒྱུན་མཐུད་ཚད་ལྡན་བཅས་ལ་དམིགས་ཏེ། བརྒྱུད་རིམ་ཧྲིལ་པོའི་ནང་མི་དམངས་དམངས་གཙོ་ལམ་ལུགས་ཅན་དང་གོ་རིམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལས་ཀའི་འགན་འཁྲི་བརྟན་དུ་བཏང་ནས་གནད་དོན་དག་ཐེར་ཡང་བསྐྱར་དོན་འཁྱོལ་བྱ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་དག་ཐེར་ཡོ་བསྲང་དོན་འཁྱོལ་ཐད་ཤུགས་བརྒྱབ་སྟེ། ཁས་བླངས་པའི་དམ་བཅའ་ལྟར་དག་ཐེར་ཡོ་བསྲང་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པ་དང་། གཏན་འབེབས་བྱས་པའི་དུས་བཀག་ནང་འདྲི་རྟོག་དོན་ཚན་དང་གྲོས་ཞིབ་བྱས་པའི་བསམ་འཆར་ནན་ཏན་གྱིས་ལེགས་སྒྲུབ་བྱེད་དགོས། ཁྲིམས་ལྟར་འགན་ནུས་སྒྲུབ་དབང་ལག་བསྟར་དང་ཕན་འབྲས་ལ་ཡང་བསྐྱར་རྗེས་སྙེག་ལྟ་སྐུལ་བྱ་དགོས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་རྣམས་ཀྱིས་འདྲི་རྟོག་གནད་དོན་དོན་འཁྱོལ་བྱས་ཚུལ་དེ་དུས་མཇུག་གི་ལྟ་སྐུལ་ལས་ཀའི་གཙོ་གནད་དུ་བཞག་སྟེ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དྲིས་ལན་འདེབས་རྒྱུ་ཁས་ལེན་བྱས་པའི་དོན་ཚན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་སྤྱི་འདོམས་དང་། ཕན་འབྲས་ལ་རྒྱུན་མཐུད་རྗེས་སྙེག་འདྲི་རྩད་བྱས་ཏེ། ཆེད་དོན་འདྲི་རྩད་དེ་“དྲི་བ་དྲིས་ལན”གྱི་རྣམ་པ་ཙམ་དུ་མི་འགྱུར་བར་བྱ་དགོས། དེ་དང་དུས་མཚུངས་སུ། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་གི་ལས་ཀའི་བླང་བྱར་སྔར་བས་ཤུགས་སྣོན་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་བསམ་འཆར་དང་བླང་བྱ་དོན་འཁྱོལ་ནུས་ལྡན་ཐུབ་པར་འགན་ལེན་བྱས་ཡོད་ཅེས་ནན་བཤད་གནང་ཡོད།

ཆིས་ཡན་ཧའེ་དང་། བློ་བཟང་ཡེ་ཤེས། ཡན་ཆུས་ཁྲུའུ་བཅས་ཚོགས་འདུར་ཕེབས་ཡོད། བསོད་ནམས་དར་རྒྱས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཅང་ཅིན་ཕིང་ཚོགས་འདུར་ཟུར་ཞུགས་བྱས་ཡོད།