国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月25日

ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཁོངས་བར་མཐོངས་འཆར་འགོད་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས23ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱི་གཙོ་བོའི་གྲོང་ཁུལ་གྱི་གྲོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་མཐའ་མཚམས་ཀྱི་འཆར་འགོད་ཞིབ་ཕྲ་བཟོ་འགོད་དང་ཆབ་མདོའི་ཐང་གི་ས་ཆ་ཚོད་འཛིན་རང་བཞིན་གྱི་འཆར་འགོད་བཟོ་བཅོས་ལས་ཀའི་འཕེལ་རིམ་སྐོར་གྱི་སྙན་ཞུ་ལ་གསན་ཡོད། གྲོང་ཨུད་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་གོ་ཅན་ཚོགས་འདུར་ཞུགས་ཡོད། ཧྲེ་ཀྲང་གཞོན་པ་སྒྲོལ་དཀར་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་དང་། ཧྲེ་ཀྲང་གཞོན་པ་ཉི་མ་ཚེ་རིང་དང་ཤུའེ་ཝུན་ཀོང་ཚོགས་འདུ་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་འཆར་འགོད་ཞིབ་ཕྲ་བྱ་རྒྱུ་དེ་ནི“རིམ་ལྔ་རིགས་གསུམ”རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་མཛུབ་ཁྲིད་དང་སྙོམས་སྒྲིག་བྱེད་པའི་གཞི་རྩའི་བྱ་ཐབས་ཤིག་ཡིན་པས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཞིབ་ཕྲ་བཟོ་འགོད་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཚེ། གྲོང་ཁྱེར་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་བྱ་རྒྱུར་ཕན་པ་མ་ཟད། གྲོང་ཁྱེར་གྱི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མགྱོགས་མྱུར་ལེགས་སུ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས“གཏན་འཁེལ་གཉིས”བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་འཆར་འགོད་ཀྱི་ཤེས་བྱར་སློབ་སྦྱོང་ནན་ཏན་བྱེད་པ་དང་། འཆར་འགོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“འཆར་འགོད་སྔོན་ལ་བཟོ་བ་དང་ལག་བསྟར་བྱེད་པའི”འདུ་ཤེས་དོན་ཐོག་ཏུ་འཁྱོལ་བ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་འཆར་འགོད་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱིས་འཆར་འགོད་བཟོ་བ་དང་བཟོ་བཅོས་རྒྱག་རྒྱུའི་གཙོ་འགན་ཁུར་ནས་ལྗོངས་ཡོངས་ཀྱི“ལྟེ་བའི་ཡན་ལག”གྲོང་ཁྱེར་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་། ཆབ་མདོ་གྲོང་ཁྱེར་ལྟེ་གནས་ཀྱི་གྲོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་མཐའ་མཚམས་སུ་འཆར་འགོད་ཞིབ་ཕྲ་བྱས་པའི་གྲུབ་འབྲས་དང་ཆབ་མདོའི་ཐང་གི་ས་ཆ་ཨང་C02—12ལ་ཚོད་འཛིན་རང་བཞིན་གྱི་འཆར་འགོད་བཟོ་བཅོས་ཞིབ་ཕྲའི་ཇུས་གཞིར་ཞིབ་བཤེར་བྱ་རྒྱུའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་སྟེ། ལྷུ་ཚིགས་ཁག་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་། རྒྱུད་རིམ་ལྡན་པའི་ལྟ་སྟངས་ཀྱིས་རྒྱུན་འཁྱོངས་བྱེད་ཅིང་། སྤྱི་ཡོངས་ཀྱི་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་བཟོས་ནས་འབྲེལ་མཐུད་རང་བཞིན་དང་། གཅིག་མཐུན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས་ལ། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་བེད་སྤྱོད་ཆུ་ཚད་དང་བར་སྟོང་ཧྲིལ་པོའི་རིན་ཐང་མཐོ་རུ་གཏོང་དགོས། ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གང་འདོད་ལྟར་བཟོ་བཅོས་བྱེད་པ་དང་། སྒྲིག་འགལ་ངང་བསྒྱུར་བཅོས་བྱེད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “འཆར་གཞི་མཐའ་འཁྱོལ་ཐུབ་པའི་”འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ནི་སྤྱི་ཡོངས་དང་། ཕྱོགས་བསྡུས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ལས་དོན་ཞིག་རེད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ལོ་རྒྱུས་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་ལས་དོན་ཁག་སྤུས་ཚད་མཐོ་བའི་ངང་ཡག་པོ་སྒྲུབ་པ་དང་བར་མཐོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།