国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月22日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས18ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས69པ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས་དང་རང་སྐྱོང་ལྗོངས་ཀྱི་ཡིག་བསྐུར་ངོ་གཏུག་ལས་དོན་གྱི་དཔྱད་ཞིབ་དམིགས་ཚད་འགྲེལ་བཤད་གསལ་བཤད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དོ་དམ་ལས་དོན་དང་ཡིག་བསྐུར་ངོ་གཏུག་ལས་དོན་གྱི་གནས་ཚུལ་སྙན་ཞུར་གསན་པ་རེད།

ལའོ་ཆིན་འུའུ་ཡིས་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། གསར་སྒྱུར་ལ་དམ་འཛིན་དང་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་དང་འགན་ལེན་བརྟན་པོ་བྱེད་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གྲོང་ཁྱེར་འཆར་འགོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་སྤྱིའི་འཆར་འགོད་དང་བརྟན་པོའི་ངང་ལག་བསྟར་ཐུབ་པ་བྱས་ཏེ། གྲོང་ཁྱེར་གྱི་གསར་སྒྱུར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་ཡུག་ཁུལ་ཆེ་གྲས་ལྔ་གསར་སྒྱུར་དང་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། འགན་ལེན་རང་བཞིན་གྱི་སྡོད་ཁང་ཁུལ་ཆུང་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ། གྲོང་ཁྱེར་བཅོས་སྐྱོང་དོ་དམ་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་ཕྱོགས་སྟོན་ཆུ་ཚད་མཐོ་རུ་གཏོང་དགོས་ཅེས་བསྟན།

ལུའོ་ཆིན་འུའུ་ཡིས་ཡིག་སྐུར་ངོ་གཏུག་གི་ལས་དོན་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་དང་། ཏང་དང་སྲིད་གཞུང་གི་གཟུགས་བརྙན། གྲོང་ཁྱེར་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཡིག་བསྐུར་ངོ་གཏུག་གི་དཔྱད་ཞིབ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། དམིགས་ཚད་དང་དཔྱད་ཞིབ་ཀྱི་ཞིབ་སྲོལ་ནན་ཏན་གྱིས་ཞིབ་བསྡུར་བྱེད་པ། དཔྱད་ཞིབ་ཀྱི་དམིགས་ཚད་དང་ལས་འགན་ཞིབ་ཕྲ་བཟོ་བ། འགན་འཁྲི་གསལ་པོ་བཟོ་བ་དང་། སྡེ་ཚན་དང་། དུས་ཚོད་དང་ལས་ཚིགས། དམིགས་འབེན་དང་ལས་འགན་བཅས་ཁ་གསལ་བཟོ་བ། སྤུས་ཚད་མཐོ་བའི་ཡིག་བསྐུར་ངོ་གཏུག་གི་དཔྱད་ཞིབ་རྒྱུགས་ཤོག་ལ་ནུས་ཤུགས་ཡོད་རྒུས་ལན་འདེབས་དགོས་ཤིང་། ཡིག་བསྐུར་ངོ་གཏུག་གི་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་ལས་ཀ་དམ་འཛིན་ཏན་ཏིག་དང་། མི་མངོན་པའི་རྐྱེན་ངན་རྒྱ་ཡན་དུ་མི་གཏོང་བ་དང་འགལ་བ་གོང་ལ་མི་སྤྲོད་པ། སྔོན་འགོག་སྔོན་ལ་འཇོག་པ་དང་རྩ་ལག་མཉམ་བཅོས་བྱ་རྒྱུར་དོ་སྣང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དར་སྤེལ། འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི་ནོར་སྲིད་མ་དངུལ་བགོ་བཤའ་རྒྱག་རིམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས》སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུ་ཡིས་མ་དངུལ་བགོ་བཤའ་རྒྱག་པའི་ཚད་ལྡན་རང་བཞིན་མཐོ་རུ་གཏོང་བ་དང་། གཏན་འབེབས་བྱས་པའི་མ་དངུལ་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་གྲངས་འབོར་དང་ལས་ཀའི་བརྒྱུད་རིམ་གཞིར་བཟུང་མ་དངུལ་བགོ་བཤའ་རྒྱག་པའི་ལས་དོན་ནན་པོ་སྤེལ་བ། སྔོན་རྩིས་གསབ་སྣོན་དང་། ལེགས་སྒྲིག སྙོམས་སྒྲིག་བཅས་ལ་ཚོད་འཛིན་ནན་པོ་བྱས་ནས། སྔོན་རྩིས་ལག་བསྟར་ནན་པོ་བྱེད་པ་དང་གོ་རིམ་གྱི་ཞིབ་བཤེར་ཆོག་མཆན་ནན་པོ་གཏོང་བ་བཅས་བྱས་ཏེ་མ་དངུལ་བདེ་འཇགས་དང་། ནུས་ཆེ། ཚད་ལྡན་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། མ་དངུལ་བགོ་བཤའ་རྒྱག་པའི་དུས་ནུས་ཐོན་རང་བཞིན་ཆེ་རུ་བཏང་ནས་མ་དངུལ་བགོ་བཤའ་རྒྱག་པའི་རྒྱུ་རྐྱེན་དང་རྣམ་གྲངས་སྔ་སྣུར་དུ་ཇུས་འགོད་བྱས་ཏེ། གོང་རིམ་གྱི་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་གཤམ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།