国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月11日

ཀྲོང་ཅིན་སུང་གིས་ཁྲེན་ཡུང་ཧོང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས9ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིང་སུང་གིས་ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་སྤྱི་གཉེར་བ་ཁྲེན་ཡུང་ཧོང་དང་བཞུགས་མོལ་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝེ་ཤིན་ཀུའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་མཉམ་དུ་ཞུགས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེན་ཡུང་ཧོང་ཆབ་མདོར་ཕེབས་པར་དགའ་བསུ་དང་། ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སིས་ཆབ་མདོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས་མིག་སྔར་རྒྱལ་ཡོངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར་བའི་འགག་རྩའི་དུས་འདིར་ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སི་ཆབ་མདོར་བརྟག་ཞིབ་དང་། ངོ་འཕྲད། གྲོས་མོལ་ཡོང་བ་འདི་ལས་ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སིའི་ཚད་མཐོའི་ཆབ་སྲིད་ཀྱི་ཚུགས་གནས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཀྲུང་དབྱང་ཁེ་ལས་ཀྱི་རུས་ཏང་དང་གཞུང་ཁོངས་ཁེ་ལས་ནི་རྒྱལ་ཁབ་ཀྱི་དོན་དུ་ཡིན་པའི”རྩ་བའི་ངོ་བོ་ལག་ལེན་བསྟར་ཡོད་ཅེས་གསུངས།

ཀྲོང་ཅིན་སུང་གིས་བོད་ཀྱི“ཤར་སྒོ”ཞེས་གྲགས་པའི་ཆབ་མདོ་ནི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་མཚམས་ཚིགས་གལ་ཆེན་དང་སྒོ་དབྱེའི་ལྟེ་གནས་ཤིག་ཡིན་པ་དང་།

ས་ཁོངས་ནང་ལོགས་ལ་འབྲི་ཆུ་དང་ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་ཆེན་གསུམ་ཡོད་པས་ནུས་རྒྱུ་གཙང་མའི་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆ་ཕུན་སུམ་ཚོགས་པོ་ལྡན་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ནུས་རྒྱུ་གཙང་མ་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སིར་གསར་བརྗེའི་སྙིང་སྟོབས་རབ་ཏུ་ལྡན་པས་སྟོབས་ཤུགས་ཆེ་ལ་བསམ་བློ་སྔོན་ཐོན་ཡིན་པས། ལས་སྒོ་མང་པོ་ཞིག་ཆབ་མདོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཧ་ཅང་འཚམ་པོ་ཡོད་པར་བརྟེན། ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སིས་གཉིས་ཁེ་གཉིས་ཕན་དང་ཁ་དན་ཚིག་གནས་ཀྱི་འདུ་ཤེས་འཛིན་ནས་ཆབ་མདོའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་གོ་སྐབས་ལ་གཞི་ཚུགས་ཏེ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐུན་ཐབས་གནད་འཁེལ་བཙལ་ནས་ཆབ་མདོའི་འབྲེལ་ཡོད་ཐོན་ལས་བཀོད་ཇུས་སྔར་བས་ཆེ་རུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ལ། ཆབ་མདོས་ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སི་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པ་དང་། ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། ཚོང་གཉེར་གྱི་ཁོར་ཡུག་རྩེ་གྲ་གཏོད་པ་བཅས་བྱས་ཏེ་ཁེ་ལས་ནས་ཐུགས་བློ་བདེ་པོས་མ་རྩ་བཏང་ནས་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་ཆོག་པ་བཟོ་འདོད་ཡོད་ཅེས་གསུངས།

ཁྲེན་ཡུང་ཧོང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྭ་རུང་གློག་ཤུགས་སི་ཁྲོན་ཀུང་སིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། ཁོང་གིས་ཆབ་མདོའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པ། མ་རྩ་འཇོག་སའི་ཁོར་ཡུག་ལེགས་པ། ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐུན་པས། ཀུང་སིས་རང་ངོས་ཀྱི་ལག་རྩལ་དང་མ་དངུལ། དཔུང་ཁག་བཅས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ཆབ་མདོ་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཆབ་མདོའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ནང་ཧུར་ཐག་ཞུགས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་འཕེལ་རྒྱས་ཀྱི་དོན་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།