འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཞིང་ལས་དངུལ་ཁང་དཔལ་འབར་རྫོང་ཡན་ལག་དངུལ་ཁང་གིས་རྒན་འཕྲོད་ཅན་གྱི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ལས་ཚིགས་ལས་གྲུབ་པའི་གཞོན་ནུ་ལས་བཟོའི་ལས་དོན་ཚོགས་ཆུང་བཙུགས་ཏེ། སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་བཏང་ནས་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རྒན་རྒོན་ཚོ་ཕྱིར་དོན་མི་དགོས་པར་དངུལ་རྩའི་ཞབས་ཞུ་ཡག་པོ་དང་ལེན་ཐུབ་པ་བྱས་པ་རེད། སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་ནང་ཕྱོགས་བསྡུས་སྟེགས་བུ་བཀོད་སྒྲིག་བྱས་ཡོད་པ་དེས་ས་གནས་ས་ཐོག་ཏུ་རྒན་རྒོན་རྣམས་ལ་གཱ་བཟོ་བ་དང་ཐོ་གསུབ་པ། རྩིས་སྒྱུར་དངུལ་སྤྲོད། ཆ་འཕྲིན་བརྗེ་སྒྱུར། གསང་ཨང་བསྐྱར་འཇོག དངུལ་སྨར་བཅོལ་ལེན། དངུལ་ལོར་བརྗེ་བ། སྤྱི་ཚོགས་འགན་བཅོལ་བྱང་བུ་ནུས་སློང་སོགས་བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་ཞུ་ཆོག་གི་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དངོས་སུ། ལས་དོན་མི་སྣས་ད་དུང་གྱོད་དཔེ་ངོ་མ་དྲིལ་བསྒྲགས་བྱས་པ་བརྒྱུད་ཉེན་འགོག་བཤད་པ་དང་དྲིལ་བསྒྲགས་ལག་དེབ་སྤྲད་དེ་རྒན་རྒོན་ཚོར་གློག་འཕྲིན་ཁ་བསླུས་རྒྱག་པའི་ཉེན་ཁའི་དྲན་སྐུལ་དང་། མ་འཇོག་དང་རྒྱུ་ནོར་དོ་དམ་གྱི་ཉེན་ཁའི་དྲན་སྐུལ། དངུལ་ལོར་རྫུན་མར་བཀག་སྡོམ་བྱེད་པ་སོགས་ཀྱི་གསལ་འགྲེལ་བྱས་པ་རེད།