国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月11日

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས།

རིན་མེད་ཁྲག་འབུལ་གྱི་དང་བླངས་ཞབས་ ཞུའི་བྱེད་སྒོ་སྤེལ་བ།

ཁྲག་ལེན་ས་ཚིགས་ཀྱི་སྨན་དོན་མི་སྣས་བཀོད་འཐབ་པ་ལ་ཁྲག་ཤེད་འཇལ་བཞིན་པ།

ཁྲག་ལེན་ས་ཚིགས་ཀྱི་སྨན་དོན་མི་སྣས་བཀོད་འཐབ་པ་ལ་ཁྲག་ལེན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་རིན་མེད་ཁྲག་འབུལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

ཁྲག་འབུལ་བྱེད་རིང་། བཀོད་འཐབ་པ་ཡོངས་ཀྱིས་རུ་སྟར་བསྒྲིགས་ནས་ཁྲག་ལེན་ས་ཚིགས་ཀྱི་སྨན་དོན་མི་སྣས་ཁྲག་འབུལ་བརྒྱུད་རིམ་ནང་མཉམ་འཇོག་བྱེད་དགོས་པ་དང་ཁྲག་ལེན་བརྒྱུད་རིམ་འགྲེལ་བཤད་བརྒྱབ་པར་ནན་ཏན་ངང་ཉན་པ་དང་སྨན་དོན་མི་སྣའི་མཛུབ་ཁྲིད་འོག་གཏན་འཁེལ་གྱི་གོ་རིམ་ལྟར་རེའུ་མིག་འགོད་པ། སྨན་དོན་མི་སྣར་ཁྲག་རིགས་དབྱེ་འབྱེད་དང་། རྫས་འགྱུར་བརྟག་དཔྱད། ཁྲག་འཐེན་པ་སོགས་ཀྱི་འབྲེལ་ཡོད་བརྟག་དཔྱད་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་རེད། ས་གནས་ས་ཐོག་ཏུ་གོ་རིམ་ལྡན་པ་དང་དཔུང་ཁག་ནང་ལོ་མང་བསྟུད་མར་རིན་མེད་ཁྲག་འབུལ་བྱེད་མཁན་“མེ་ཟོན་པ་རྒན་གྲས”ཡོད་ལ། ཁྲག་འབུལ་ནང་ཞུགས་ཐེངས་དང་པོ་ཡིན་པའི་“མེ་ཟོན་པ་གསར་པའང་”ཡོད་པ་རེད། ཚང་མས་ཕུ་ཐུང་བརྫེས་ནས་ལག་པ་བརྐྱངས་ཏེ་ཁྲག་འབུལ་བྱས་ནས་གཅེས་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་རེད།

བྱེད་སྒོ་མཇུག་འགྲིལ་རྗེས། བཀོད་འཐབ་པ་ཚོས་མི་དམངས་ཀྱི་མེ་ཟོན་པ་ཞིག་ཡིན་པའི་ངོས་ནས།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་རང་འཁྲིའི་ལས་ཀའི་ཁྲོད་རང་འགན་གཙང་སྒྲུབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་མེ་ཟོན་སྙིང་སྟོབས་མངོན་པ་བྱེད་པ་དང་།སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ་སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།