国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月11日

སྨར་ཁམས་ཀྱིས“བློ་སྒྲིལ་གཅིག་སྒྲིལ་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་ལམ་བུ་གསར་པར་བསྐྱོད”ཅེས་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་6ཉིན།སྨར་ཁམས་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ(རྫོང་སྤྱི་ཁྱབ་བཟོ་ཚོགས)ཡིས་གློག་ཁང་གི་ཁྱབ་ཁོངས་སུ་ཟབ་ཞུགས་བྱས་ནས“བློ་སྒྲིལ་གཅིག་སྒྲིལ་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་ལམ་བུ་གསར་པར་བསྐྱོད”དང“སྤེལ་བ་ལྔའི”བྱེད་སྒོ་སྤེལ་བ་རེད།

སྨར་ཁམས་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་པའི་པི་ཝང་ཞབས་བྲོ《བདེ་སྐྱིད་ལྡན་པའི་སྨར་ཁམས་》ཞེས་པ་དེས་ད་ཐེངས་ཀྱི“སྐྱེལ་བ་ལྔའི”བྱེད་སྒོ་འགོ་ཚུགས་པ་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་རིམ་བཞིན་འཁྲབ་ཏེ་སྨར་ཁམས་རྫོང་གི་ལས་བྱེད་དང་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ(རྫོང་སྤྱི་ཁྱབ་བཟོ་ཚོགས)ཡིས་ལས་བཟོའི་འཐུས་མི་30ལ་སྒོར་8000རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ་མ་ཟད་དེ་གར་ཡོད་པའི་ལས་བཟོར《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན》དང《ལས་རྨས་ཀྱི་ཁེ་དབང་སྲུང་སྐྱོབ》དང《གླ་ཕོགས་འགྱངས་ཆད་ཀྱི་ཁེ་དབང་སྲུང་སྐྱོབ》སོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་200ལྷག་ཙམ་སྤྲད་པ་རེད།

བྱེད་སྒོ་ཁྲོད་ད་དུང“སྨན་བཅོས་དང་སྨན་སྤྲོད་པའི”བྱེད་སྒོ་སྤེལ་ནས་འཐབ་ཕྱོགས་དང་པོའི་ལས་བཟོར་འོས་འགན་སྨན་བཅོས་བྱས་པ་དང་ས་མཐོའི་རང་བཞིན་གྱི་ནད་གཞི་དང་དེ་བཞིན་རྒྱུན་གཏན་གྱི་ནད་གཞི་སྔོན་འགོག་བྱེད་པར་མཁོ་བའི་སྨན་རྫས་ཁྱོན་སྒོར་ཁྲི་1སྤྲད་ཡོད།