ཉེ་ཆར། བོད་ལྗོངས་ཏཱ་ཐང་དགྲ་ལྷའི་ཆུ་ཤུགས་གློག་ཁང་གི་ཆུ་རགས་དང་པོར་ཨར་འདམ་བླུག་རྒྱུ་དེ་ནི་དགྲ་ལྷའི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་གྲྭའི་ནང་ནས་ཆུ་རྒྱུན་བཅད་པའི་རྗེས་སུ་ལས་རིམ་གལ་ཆེན་ཞིག་ཡིན། འདི་ནི་རྒྱལ་ཁབ་ཀྱི་བོད་གློག་ཕྱིར་གཏོང་གི་གློག་ཁང་འཛུགས་སྐྲུན་ལས་གཞིའི་ས་རྐོ་རྡོ་སློག་ཚར་ནས་ཨར་འདམ་བླུག་རྒྱུ་སོགས་ཨར་སྐྲུན་གྱི་ལས་འགོ་ཚུགས་པ་མཚོན་གྱི་ཡོད། ཤེས་རྟོགས་བྱུང་གསལ་ལྟར་ན། དགྲ་ལྷའི་ཆུ་ཤུགས་གློག་ཁང་གི་རགས་ཁའི་མཐོ་ཚད་ལ་སྨི2820ཡོད་ལ་ཆུ་རགས་ཆེ་ཤོས་ཀྱི་མཐོ་ཚད་ལ་སྨི70དང་རགས་ཁའི་རིང་ཚད་ལ་སྨི207ཡོད་པ་རེད། ཆུ་རགས་ལ་ཁྱོན་བསྡོམས་ཨར་འདམ་སྨི་རྒྱ་དཔངས་གྲུ་བཞི་མ19.2བླུག་ཡོད། 2025ལོའི་ཟླ12པར་ཆུ་རགས་ཡོངས་སུ་རྫོགས་པར་ཨར་འདམ་བླུག་ཚར་བ་བྱ་རྒྱུ་རེད།