国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月11日

ཀྲོང་་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེབཟང་མི་སྒེར་ལ་མཇལ་འཕྲད་གནང་བ།

ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཆོས་སྐྱིད་ལ་བཀྲ་ཤིས་པའི་མཇལ་དར་བསྒྲོན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས27ཉིན་འཚོགས་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་མར་ཐང་མངགས་གཏོང་ཁང་དང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”མཚན་སྙན་དང་། རི་བོ་ཆེའི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཕགས་མཆོག་སྐལ་བཟང་ཉི་མ་ལ“་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”མཚན་སྙན་བཅས་ཐོབ་ཡོད། ཟླ10པའི་ཚེས9ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་ལ་མཇལ་འཕྲད་གནང་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ལིས་པིང་དང་། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཅཱ་ཤིན་ཡུས་བཅས་ཞུགས་ཡོད། མཇལ་འཕྲད་སྐབས་སུ་ཀྲོང་ཅིན་སུང་གིས་འཕགས་མཆོག་སྐལ་བཟང་ཉི་མ་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་མར་ཐང་མངགས་གཏོང་ཁང་གི་འཐུས་ཚབ་བློ་བཟང་ཚེ་རིང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཆོས་སྐྱིད་བཅས་ལ་བཀྲ་ཤིས་པའི་མཇལ་དར་བསྒྲོན་པ་དང་ཁོང་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་མཉམ་སྡེབ་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཆབ་མདོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཀྲོང་ཅིན་སུང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་མཚམས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་གཟིགས་སྐྱོང་དང་མི་རིགས་་མཐུན་སྒྲིལ་གྱི་ལས་དོན་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། ཆབ་མདོའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རྒྱུན་རིང་ཞིང་མི་རིགས་ཁག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མཐུན་སྒྲིལ་རོགས་རེས་དང་། ལག་སྦྲེལ་མཉམ་སྐྱོད་བྱས་ཏེ། ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་། ཕྱིར་འོང་བཙན་འཛུལ་འགོག་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བརྗིད་ཆེའི་ལེའུ་རྩོམ་ཡོད།ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ཆབ་མདོ་གྲོང་ཁྱེར་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ཁྱིམ་གཞི་མཉམ་དུ་སྐྲུན་པ་དང་འོད་སྟོང་འབར་བའི་བོད་ཤར་རིག་གནས་མཉམ་དུ་གཏོད་པ། དགའ་སྐྱོ་གཉིས་ལྡན་གྱི་འབད་འཐབ་ལེའུ་རྩོམ་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་དུ་མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱི་མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཐེངས་འདིར་གཟེངས་བསྟོད་ཐོབ་མཁན་མཉམ་སྡེབ་དང་མི་སྒེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་ནས་མི་རིགས་ཁག་བར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞི་བརྟན་པོར་སྐྲུན་པའི་གཏིང་རྨོ་པ་ཞིག་བྱེད་པ་དང་། རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་གཞི་རྩ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་བརྟན་དུ་བཏང་ནས་མཐུན་སྒྲིལ་དང་། ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐོག་ལེའུ་གསར་པ་དང་གྲུབ་འབྲས་གསར་པ་རྩོམ་རྒྱུའི་རེ་བ་བཏོན་ཡོད།

ཀྲོང་ཅིན་སུང་གིས་དྲིལ་བསྒྲགས་དང་མི་རིགས་ལས་དོན་ཨུ་ལྷན་སོགས་ཚན་པ་ཡིས་སྔོན་ཐོན་བྱས་རྗེས་མུ་མཐུད་དུ་དྲིལ་བསྒྲགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཧུར་ཐག་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནང་ཞུགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུའི་བླང་བྱ་བཏོན་ཡོད།