འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཏཱ་ཐང་བོད་ལྗོངས་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཧྲེན་ཕུང་དང་བཅས་པར་བཞུགས་མོལ་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཧྲེན་ཕུང་དང་བཅས་པར་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཏཱ་ཐང་ཚོགས་པས་དུས་ཡུན་རིང་པོའི་ནང་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ལ“དོན་ཆེན་བཞི”ཁ་གསལ་བཟོས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་འཐབ་ཇུས་ཐོན་ཁུངས་གསར་སྤེལ་དང་བོད་ཤར་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང་ཆེས་མཐོ་གནོན་གྱི་གློག་གཏོང་བགྲོད་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་གལ་ཆེན་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་ནས། བོད་ཤར་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བཅུག་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཀྱིས་ཆབ་མདོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་ངེས་གནས་ཁ་གསལ་བཟོས་ཏེ་བོད་ཤར་གྱི་ནུས་རྒྱུ་གསར་སྤེལ་ཁུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་ནུས་རྒྱུ་གསར་སྤེལ་ཁུལ་གྱི་འཆར་འགོད་ནང་བཅུག་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཉེ་བའི་ལོ་ཤས་རིང་། ཏཱ་ཐང་ཚོགས་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ནུས་རྒྱུའི་རྣམ་གྲངས་གསར་སྤེལ་དང་དམངས་འཚོ་ལེགས་གཏོང་།
གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་ཁག་ལ་དམིགས་ཏེ་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་པ་དང་། ཆབ་མདོར་གསར་སྤེལ་འཛུགས་སྐྲུན་དང་ཆབས་ཅིག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་པ་དང་། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཏཱ་ཐང་བོད་ལྗོངས་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིས་སྔར་བཞིན་ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་གསར་སྤེལ་འཛུགས་སྐྲུན་གཉེར་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཆུ་གློག་དང་རླུང་གློག འོད་ཤུགས་སོགས་ནུས་རྒྱུ་གཙང་མ་བདེ་འཇགས་ངང་གསར་སྤེལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་རྣམས་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་དང་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཏེ། ཆབ་མདོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་རོགས་བྱེད་པའི་རེ་བ་བཏོན་ཡོད།
ཧྲེན་ཕུང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀུང་སིའི་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་ཡོད། ཁོང་གིས་ཀྲུང་གོའི་ཏཱ་ཐང་གིས་གོམ་སྟབས་རྗེས་མར་བོད་ཀྱི་འཕེལ་རྒྱས་གསར་པར་གཞི་ཚུགས་ནས་ཆབ་མདོར་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ནུས་རྒྱུ་གཙང་མ་གསར་སྤེལ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་ཐད་ལེགས་ཆ་མུ་མཐུད་འདོན་སྤེལ་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོའི་རྣམ་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།