འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་25ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང“ཁེ་ལས་གཉིས་དང་གསར་པ་གསུམ”གྱིས་བརྗོད་གཞི་འདོན་པ་དང་སྡེ་ཚན་མཉམ་འགུལ་གྱིས་དཀའ་གནད་སེལ་བའི་བཞུགས་མོལ་སྤེལ་རེས་ཚོགས་འདུ་འཚོགས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ཝང་ཡ་ཏུང་གིས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཏང་འཛུགས་སྐྱོང་གིས“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་གཙོ་གནད་ལ་དམིགས་ཏེ།ཏང་འཛུགས་སྐྱོང་གིས“ཁེ་ལས་གཉིས་དང་གསར་པ་གསུམ”ལ་སྣེ་ཁྲིད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། “ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་།རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ལས་དོན་གྱི་ལེགས་ཆ་སོགས་དོ་དམ་གྱི་ལེགས་ཆ་དང་ འཕེལ་རྒྱས་ཀྱི་ལེགས་ཆ། གཞི་རིམ་བཅོས་སྐྱོང་གི་ལེགས་ཆ་བཅས་སུ་འགྱུར་བ་བྱས་ནས“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཁྱབ་ཁོངས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས། “ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཁེ་ལས་དང་རྩ་འཛུགས་ཀྱིས་ཁྲིམས་མཐུན་གཉེར་སྐྱོང་དང་།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་།ནང་ཁུལ་གྱི་དོ་དམ་ལམ་ལུགས་འཛུགས་པར་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་མཛུབ་ཁྲིད་ལ་དང་ལེན་ཧུར་ཐག་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་ལས་ཀ་དང་གུང་གཞོན་སྡེ་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་བྱས་པ་བརྒྱུད་ཁེ་ལས་དང་རྩ་འཛུགས་ཀྱིས་ཡང་དག་པའི་ཁ་ཕྱོགས་དེད་ནས་གོང་འཕེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོབ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག་《སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བསམ་འཆར》དང《ལས་རིགས་ཀྱི་རྣམ་པ་གསར་པ་དང་ལས་ཞུགས་གསར་པའི་ཚོགས་སྤྱིའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་སོགས་སྡེ་ཚན་གྱི་ལག་བསྟར་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག “ཁེ་ལས་གཉིས་དང་གསར་པ་གསུམ”གྱི་དོ་བདག་དང་ལས་ཞུགས་མི་སྣའི་འཐུས་མིས་མིག་སྔའི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་འཕྲད་པའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་རེ་འབོད་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། ཁྲལ་དོན། དངུལ་ཁང་ཁག་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་དྲི་བར་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་ལན་བརྒྱབ་པ་རེད།