国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月27日

གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་ དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཚོགས་འདུ་འཚོགས་པ།

ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས24ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་་གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས་ཚན་པ་སོ་སོས་ཚུགས་གནས་མཐོ་རུ་གཏོང་བ་དང་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཏེ།བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོར་བཙུགས་ཏེ།“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་།“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་བདེ་འཇགས་ཀྱི་དོགས་ཟོན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཚོང་ལས་ཕྱོགས་བསྡུས་རྟེན་གནས་དང་སྤྱི་པའི་རོལ་རྩེད། སྡེ་ཁུལ་དང་མཛོད་ཁང་སོགས་ལ་དམ་པོར་དམིགས་ཏེ། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་རྫས་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཨར་སྐྲུན་དང་མེ་ཟོན། སོལ་རླངས་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མུ་མཐུད་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་དགོས། སློབ་གྲྭའི་སྨན་བཅོས་འཕྲོད་བསྟེན་གྱི་བདེ་འཇགས་དང་བཟའ་བཅའ་བདེ་འཇགས་དོ་དམ་ལ་དམ་འཛིན་ཏན་ཏིག་དང་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་བྱས་ཏེ་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། འབྲེལ་ཡོད་སྡེ་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། སྨན་རྫས་ཚོང་ར་དང་མཛོད་ཁང་ཁྱབ་ཁོངས་རིགས་སོ་སོར་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་གཏོང་དགོས་ཞེས་བསྟན་ཡོད།

ལའོ་ཆིན་འུའུ་ཡིས་ཚན་པ་སོ་སོས་ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་མཉམ་དུ་དོན་འཁྱོལ་དང་རིམ་པ་བཞིན་ཉེན་མེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཧྲི་ཀྲང་གཞོན་པ་གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲོལ་དཀར་ཚོགས་འདུར་ཞུགས་ཡོད།