国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月24日

2024ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་ཆབ་མདོའི་རྒྱུགས་ཁུལ་གྱི་དངོས་ཡོད་འདྲི་གཞིའི་རྒྱུགས་ལེན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་21ཉིན། 2024ལོའི་རྒྱལ་ཁབ་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་(ཆབ་མདོའི་རྒྱུགས་ཁུལ་)གྱི་དངོས་ཡོད་འདྲི་གཞིའི་ཡིག་རྒྱུགས་བདེ་བླག་ངང་འགོ་ཚུགས་པ་རེད།

ཆབ་མདོའི་རྒྱུགས་ཁུལ་ལ་རྒྱུགས་སྤྲོད་ས་ཚིགས་1དང་། དཀྱུས་མའི་རྒྱུགས་ར་7(དེའི་ནང་རྒྱ་ཡིག་གི་རྒྱུགས་ར་6དང་བོད་ཡིག་གི་རྒྱུགས་ར་1)བཙུགས་ཡོད་ཅིང་། དངོས་ཡོད་འདྲི་གཞིའི་ཡིག་རྒྱུགས་ལེན་མཁན་མི་གྲངས་265ཡོད་པ་རེད།

ཡིག་རྒྱུགས་ལེན་རིང་། གྲོང་ཁྱེར་ཁྲིམས་འཛིན་ཅུད་ཀྱིས་ཁྲིམས་འཛིན་པུའི་“ངེས་པར་དུ་བྱ་དགོས་པ་གཉིས”དང་། “འགན་ལེན་གསུམ།” “གློག་དང་དྲ་རྒྱ།ལག་རྩལ་བཅས་འགན་ལེན།” བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། བཀོད་སྒྲིག་ཞིབ་ཚགས་བྱས་ནས་གཙོ་གནད་རྒྱུགས་ལེན་མཁན་སློབ་མ་རྒྱུགས་རར་སྐྱོད་པ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན། ཡིག་རྒྱུགས་ཀྱི་སྒྲིག་ལམ། འཕྲལ་བྱུང་འགན་སྲུང་། རྒྱུགས་དོན་གྱི་བདེ་འཇགས་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། རྒྱུགས་དོན་བཀོལ་སྤྱོད་ཐད་ནོར་འཛོལ་གཅིག་ཀྱང་མི་ཐོན་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་བ་བྱས་ཏེ། རྒྱུགས་ལེན་པ་འཕྱུགས་པ་གཏན་ནས་མེད་པར་འགན་ལེན་བྱས་ཡོད་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་རྒྱུགས་སྤྲོད་ས་ཚིགས་སུ་ཕེབས་ནས་སྐོར་ཞིབ་མཛུབ་ཁྲིད་གནང་བ་རེད།