འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་སྒོ་ཕྱུགས་ཀྱི་སྤུས་ལེགས་ཟ་འབྲུ་མང་དུ་གཏོང་ཆེད། ཟླ་9ཚེས་20ཉིན། གཟན་རྩྭའི་མ་ལག་ཆབ་མདོའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱིས་རང་སྐྱོང་ལྗོངས་གཟན་རྩྭའི་ཐོན་ལས་མ་ལག་སྟེ། གཟན་རྩྭའི་ལས་སྣོན་ལས་གནས་ཀྱི་རིགས་གཅིག་མཁས་ཅན་པའོ་ཡུས་ཧུང་སོགས་ཆབ་མདོའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་སུ་ཕེབས་ནས་ཡུལ་དངོས་སུ་ཞིང་འབྲོག་མང་ཚོགས་ལ་ཡུག་པོ་སྙོལ་བའི་ལས་སྣོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
པའོ་ཡུས་ཧུང་དང་ཆབ་མདོ་ཕྱོགས་བསྡུས་ཚོད་ལྟ་ས་ཚིགས་ཀྱིས་སྔོ་གཟན་གསོག་ཉར་བརྒྱུད་རིམ་ནང་ཡུག་པོ་བརྔ་བསྡུ་བྱེད་པའི་དུས་ཚོད་དང་། ཞིབ་འཐག་རིང་ཚད། སྦྱོར་རྟ་སྤྱོད་ཚད། སྔོ་གཟན་གསོག་ཉར་དང་བེད་སྤྱོད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ཐད་ཞིང་འབྲོག་མང་ཚོགས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པ་མ་ཟད། ཡུལ་དངོས་སུ་སྔོ་གཟན་ཏུན3.2ལས་སྣོན་དཔེ་སྟོན་བྱས་པ་དང་། སྦྱོང་བརྡར་ནང་ཞུགས་མཁན་མི་33ལ་ཕན་པ་མི་ཉུང་བ་ཐོབ་ཡོད་པ་རེད།
པའོ་ཡུས་ཧུང་དང་བཅས་པའི་ད་དུང་ནན་ཅིང་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཡོན་ཞན་ཅུན་ཚོགས་པ་དང་མཉམ་འབྲེལ་ཐོག་ཡུག་པོའི་གསོག་ཉར་ཆེད་སྤྱོད་ཀྱི་སྲིན་འདུས་ཞིབ་འཇུག་གསར་སྤེལ་བྱས་པའི་སྔོ་གཟན་གསོག་ཉར་གྱི་ཆེད་སྤྱོད་འབུ་ཕྲའི་རྩབས་རྒྱུ་སྦྱོར་རྟ་ཞིབ་འཇུག་གསར་སྤེལ་བྱེད་ཡོད་པ་རེད། ཡུག་པོ་ནི་སྤུས་ལེགས་ཀྱི་གཟན་རྩྭ་ཞིག་ཡིན་པའི་ངོས་ནས་རང་གྲོང་ཁྱེར་གྱི་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐོབ་པ་དང་། ད་ཐེངས་ཀྱི་མཛུབ་ཁྲིད་ལས་དོན་གྱིས་རང་གྲོང་ཁྱེར་གྱིས་སྤུས་ལེགས་ཀྱི་གཟན་རྩྭ་འདེབས་གསོ་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

