国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月24日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཀྱི་ཐོག་ནས་སྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཆབ་མདོར་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཀྲང་ཅན་ཧྭ། ལིས་གོ་ཅན། ཆིས་ཡན་ཧུའེ། རྡོ་རྗེ་དགྲ་འདུལ། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཚོགས་འདུ་ཞུགས་ཡོད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ་ཞུས་ཝུན་ཧུའེ་གདན་དྲངས་ཏེ་བརྙན་ལམ་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་ཡོད།

ཀྲོང་ཅིན་སུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་རྗེས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ། བྱེད་ཐབས་སྣ་ཚོགས་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱས་པ་བཅས་ཀྱིས་ང་ཚོར་མིག་དཔེ་སྟོན་པ་མ་ཟད། ང་ཚོར་ལས་འགན་གསལ་སྟོན་དང་བྱ་ཐབས་སློབ་ཁྲིད་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རང་རྟོགས་ངང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ལ་མིག་དཔེ་བལྟས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ནན་པོ། དངོས་སྒྲུབ་ཀྱི་ལས་ཀའི་བྱེད་ཐབས་བཅས་ཀྱི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཕན་འབྲས་ཐོན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་ཡག་པོ་ཞིག་རྩོམ་དགོས་ཞེས་བསྟན།

ཀྲོང་ཅིང་སུང་གིས་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་ཤུགས་སླར་ཡང་ཆེ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་སྒྲོག་འགྲེལ་འཆད་འགྲེལ་བྱེད་པ་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་དྲིལ་བསྒྲགས་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོར་སྒྱུར་བཅོས་ཀྱི་མཐའ་མའི་དམིགས་ཡུལ་ནི་ཚང་མ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བསམ་བློའི་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་སྒྲིལ་ཐུབ་པ་བྱེད་དགོས། སྒྱུར་བཅོས་ཀྱི་བྱེད་ཐབས་སླར་ཡང་ཞིབ་ཕྲ་ཡོང་བ་བྱེད་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས། ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་དམིགས་ཚད་ལས་འགན་ལ་དམིགས་པ་དང་། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་རང་ཉིད་ཀྱིས་འགན་འཁུར་བའི་སྒྱུར་བཅོས་ལས་འགན་སེམས་ལ་གདེང་ཚོད་ཡོད་པ་དང་། ལག་ཏུ་ཐབས་ཤེས་ཡོད་པ། དོན་འཁྱོལ་ནུས་ལྡན་བཅས་ཐུབ་པ་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་“མཐའ་མའི་འགག་གནད་”ཏན་ཏིག་སེལ་བ་དང་དངོས་སྒྲུབ་འགན་འཁུར་གྱི་ཐོག་ནས་སྒྱུར་བཅོས་ཀྱི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས། ལས་ཀའི་འགན་འཁྲི་སླར་ཡང་ནན་པོར་འཁུར་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་བསྒྱུར་བཅོས་ལས་འགན་དང་བླང་བྱ་དོན་འཁྱོལ་བྱེད་རྒྱུ་འགན་ལེན་བྱས་ཏེ་ལས་ཀ་དོན་འཁྱོལ་བྱས་པའི་གྲུབ་འབྲས་ཐོག་ནས་འགན་འཁྲི་འཁུར་ཐུབ་མིན་ལ་ལྟ་དགོས། མིག་སྔར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམིགས་ཚད་ཁག་ལ་དཔྱད་ཞིབ་ཡག་པོ་བྱས་ནས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ཏེ་ཡང་རྩེར་ལྷུར་ལེན་དང་སྔོན་གཏོད་ལེགས་བརྩོན་བཅས་བྱས་ནས་“དོན་ཆེན་བཞིར་”དམ་པོར་དམིགས་པ་དང་“འཛུགས་གཏོད་བཞིར་”སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་གྲལ་མགོའི་དམག་དང་གདོང་ལེན་རུ་ཁག་བྱེད་དགོས་པའི་ནན་བཤད་གནང་ཡོད།