འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས19ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕྱོགས་བསྡོམས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།
ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ལིས་གོ་ཅན། ཆིས་ཡན་ཧུའེ། རྡོ་རྗེ་དགྲ་འདུལ། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཚོགས་འདུ་ཞུགས་ཡོད།
ཀྲོང་ཅིན་སུང་གིས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་ཁྲིད་སྟོན། སྐུ་ངོ་མས་སྐུལ་འདེད་བཅས་གནང་ནས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐད་དམིགས་ཚད་ལས་འགན་དང་ཐབས་ལམ། ཤུགས་རྒྱག་ས་བཅས་ཁ་གསལ་བཟོས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་གཞི་མིག་དཔེར་འཛིན་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྐུལ་འདེད་གཏོང་བར་ཚད་གཞི་དཔེ་སྟོན་གནང་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་འདི་ལོའི་ཟླ4པའི་ཟླ་འགོ་ནས་འགོ་བཙུགས་པ་དང་མིག་སྔར་རྩ་བའི་ཆ་ནས་མཇུག་བསྒྲིལ་ཟིན་པས་ངེད་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཚད་གཞི་མཐོ་བ་དང་བྱ་ཐབས་བཟང་བ།
བླང་བྱ་ནན་པ་དང་དམ་འཛིན་ལེགས་པ་བཅས་ཀྱི་ཐོག་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་མོད། འོན་ཀྱང་གྲུབ་འབྲས་མཐོང་བ་དང་དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་རྨང་གཞིའི་རང་བཞིན་དང་རྒྱུན་སྲོལ་ཡུན་རིང་གི་རང་བཞིན་ལྡན་པའི་ལས་ཀ་ཞིག་དང་། ཏང་ཡོན་ཚང་མའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་ཚུལ་ངོས་འཛིན་ཐུབ་དགོས་ཞེས་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྒྱུན་གཏན་ལྟར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སློབ་སྦྱོང་བྱེད་པར་ཁྱད་ཆོས་ཡོད་ལ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། སྲུང་སྐྱོང་གཉིས་ཐུབ་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་གི་གཙོ་གནད་དུ་བཟུང་ནས། གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ། ལས་གནས་གལ་ཆེན་གྱི་ལས་བྱེད་པ་སོགས་ལ་དམ་པོར་དམིགས་ཏེ། རྒྱུན་རྣམ་ཅན་དུ་རིམ་པ་དབྱེ་ནས་ཏང་གི་སྒྲིག་ཁྲིམས་སློབ་གསོ་ཡག་པོ་སྤེལ་དགོས། གཉིས་ནས་ཟུང་འབྲེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་སྦྱོང་གི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་། རྫོང་ཆུས་དེ་ག་དང་སྡེ་ཚན་དེ་གའི་ལོ་འཁོར་གྱི་གཙོ་གནད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ། ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཆབ་མདོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས་དང་ཤེས་ལྡན་མི་སྣའི་གནད་དོན་སོགས་ཐག་གཅོད་ལེགས་པར་བྱེད་པ་དང་། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། གསུམ་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱུན་གཏན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་བྱེད་པའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་རྒྱུན་གཏན་ཅན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་གསོར་སྐུལ་འདེད་གཏོང་བའི་གནས་ཚུལ་དེ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་སྐོར་ཞིབ་ལྟ་སྐུལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དཔྱད་ཞིབ། འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རྒྱས་བཤད་བཅས་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ཞིབ་བསྡུར་སྐྱོན་བཤེར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས། རིམ་པ་སྡེ་ཚན་ཁག་གིས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཤུགས་རྐྱེན་བཟོ་བའི་ཚུལ་མིན་སྤྱོད་ཚུལ་ལ་དམ་པོར་དམིགས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་ཐུབ་རྒྱུར་ཤུགས་རྐྱེན་བཟོ་བའི་ལས་དོན་མི་སྒྲུབ་པ་དང་ལས་དོན་གང་བྱུང་དུ་སྒྲུབ་པའི་གནད་དོན་ཡོ་བསྲང་ཤུགས་ཆེན་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ཏེ་སྤྱོད་གཙང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་དང་། གྲོན་ཆུང་ལས་རྒྱས་སྤྲོས་སྤོང་བ། སྤྱོད་བཟང་གཞུང་དྲང་སོགས་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་ཟམ་མི་ཆད་པར་གཏོད་དགོས་ཞེས་བླང་བྱ་བཏོན་ཡོད།