国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月20日

ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

རུལ་སུངས་བྱེད་མི་འདོད་པའི་ཐད་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ཤིང་། རྩ་བཅོས་ཁུངས་སེལ་དང་གཞི་བརྟན་སྟོབས་འཕེལ་ཐད་དེ་བས་སྣང་ཆེན་གྱིས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བདེན་འཚོལ་དོན་གཉེར་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་དར་སྲོལ་གསར་པ་གསོ་སྐྱོང་བྱེད་དགོས།

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་༡ཚེས་༩ཉིན་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད།

བསྒྲུབས་ན་འགྲུབ་སྲིད། བསྐྱོད་ན་སླེབས་སྲིད། དམ་པ་དོན་གཉེར་མཁན་ལ་ལོ་རྒྱུས་ཀྱིས་ཆུད་ཟོས་སུ་གཏོང་མི་སྲིད། ང་ཚོས་དམ་པ་དོན་གཉེར་ལ་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་བཏོད་པ་མ་ཟད། ད་དུང་དམ་པ་དོན་གཉེར་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་༡ཚེས་༢༠ཉིན་༢༠༢༣ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་ངང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མང་ཚོགས་ཀྱི་འདོད་པ་དང་སེམས་ཁྲལ། རེ་སྒུག་བཅས་དང་བསྟུན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོ་འདིང་བ་བཅས་བྱེད་དགོས།

——ཞི་ཅིན་ཕིང་གིས་༢༠༢༢ལོའི་ཟླ་༡ཚེས་༡༨ཉིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད།