国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月20日

སྨར་ཁམས་རྫོང་གིས་ལོ་ངོ་སྟོང་གི་ཚྭ་ཞིང་ནས་གནའ་བོའི་གྲོང་ཚོའི་སྐྱེ་སྟོབས་གསར་པ་ངོམས་པ།

ལང་ལོང་དུ་འཕྱུར་བའི་རྫ་ཆུའི་ངོགས་སུ་ཚྭ་རྫིང་སྐར་ཚོགས་ལྟར་བཀྲམ་པ་དང་ཚྭ་ཆུ་བླུགས་པའི་ཚྭ་རྫིང་ཁག་གཅིག་ནང་ནམ་མཁའ་ལྡོག་གྲིབ་སྔོ་ཐིང་ངེར་འཁྱིལ་ཡོད།

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་ཟླ་ཆུའི་ངོགས་སུ་གནས་པ་དང་ཡུལ་དེས་ཐང་རྒྱལ་རབས་དུས་ནས་བཟུང་ཚྭ་བཟོ་འགོ་ཚུགས་པ་དང་ད་བར་ལོ་1300ལྷག་ཙམ་རྒྱུན་མཐུད་ཡོད་པ་རེད།

ཟླ་ཆུའི་ངོགས་གཉིས་ཀྱི་རི་གཤམ་དུ་ཚྭ་ཞིང་བསྐྲུན་པ་དང་ཤིང་གི་སྒྲོམ་སྟེང་ཆུ་སིམ་ཤུགས་ཆེ་བའི་འདམ་བག་ཁོད་སྙོམས་པོ་བཏིང་ཡོད།

ས་གནས་དེ་གའི་གྲོང་མི་ཚོས་གདོད་མའི་ལག་ཤེས་ལ་བརྟེན་ནས་ཚྭ་ཉི་སྐམ་གཏོང་གི་ཡོད་པ་དང་ཁོང་ཚོས་ཟླ་ཆུའི་འགྲམ་གྱི་ཚྭ་དོང་དང་ཚྭ་རྫིང་ནས་བ་ཚྭའི་ཆུ་བླངས་ཏེ་ཚྭ་ཞིང་ནང་བླུགས་པ་དང་། ཉི་མ་དང་རླུང་སྐམ་གཏོང་བ་བརྒྱུད་ཚྭ་ཆགས་ཀྱི་ཡོད། རྒྱང་ནས་བལྟས་ཚེ་ཚྭ་ཞིང་གི་བཀོད་པ་ལེགས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ་རེད།

2008ལོར་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་ཚྭ་སྐམ་ལག་རྩལ(ཁྲོན་པའི་ཚྭ་སྐམ་བཟོ་རྩལ)རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།

ཡུལ་སྐོར་ལས་རིགས་དར་བ་དང་བསྟུན་ནས་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡུལ་སྐོར་ཡོང་བར་དང་ཆབས་ཅིག་གྲོང་ཚོས་ཞིང་པའི་སྤྲོ་སྐྱིད་ཁང་དང་སྡོད་ཁང་བཙུགས་ཡོད་པ་རེད།

ཚྭ་ཁ་ལྷོ་དང་ཚྭ་ཞིང་ལ་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་དོན་ནི། གནའ་བོའི་ཚྭ་སྐམ་གྱི་ལོ་རྒྱུས་དང་རིག་གནས་ཕུད། ད་དུང་དེ་གར“ནམ་མཁའི་མེ་ལོང”ལྟ་བུའི་དམིགས་བསལ་གྱི་མཛེས་ལྗོངས་ཡོད་པས་རེད།