འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་ཡར་ཐང་གྲོང་ཚོར་མཐོ་གྲང་ནས་ཀྱི་སོན་བཟང་“ཧི་མ་ལ་ཨང23པའི་”ལོ་ལེགས་བྱུང་བ་རེད། དེ་ནི་ཞིང་པས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན།
མུ་མཐའ་མེད་པའི་ཞིང་ཁའི་ནང་གསེར་མདོག་ཅན་གྱི་སྙེ་མ་རླུང་བུ་ལྡང་བའི་ཁྲོད་མགོ་ལྡེམ་ལྡེམ་གཡོ་བཞིན་མཆིས། ཞིང་པ་ཚོས་བྲེལ་འཚུབ་ངང་ནས་བརྔ་བཞིན་ཡོད་པ་དང་ངོ་གདོང་ནས་ལོ་ལེགས་བྱུང་བའི་དགའ་སྤྲོའི་འཛུམ་མདངས་འཕྱུར།
“ཧི་མ་ལ་ཨང23པའི་”ལོ་ལེགས་བྱུང་བ་ནི་ས་མཐོའི་གྲང་ངར་ལ་འཕྲོད་པའི་ཞིང་ལས་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ་གཏོད་པའི་རྟགས་མཚན་ཞིག་ཡིན། “ཧི་མ་ལ་ཡ་ཨང23པའི”ནས་སོན་གྱིས་གྲུབ་འབྲས་ཐོབ་པ་དེའི་རྫོང་ཡོངས་ཀྱི་མཐོ་གྲང་ས་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སོན་དེའི་ས་གནས་དེ་གའི་ཞིང་པར་ཕན་འབྲས་དེ་བས་ཆེ་བ་ཐོབ་པར་མ་ཟད། འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།དེ་དང་ཆབས་ཅིག་སྣ་ཁ་དེ་ཁྱབ་གདལ་བཏང་བ་དེས་མཐོ་གྲང་ས་ཁུལ་གྱི་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་འགྲོ་རྒྱུར་སྔར་བས་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
མ་འོངས་པར་རྒྱང་ལྟ་བྱེད་སྐབས། དཔའ་ཤོད་རྫོང་གིས་ཞིང་ལས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་རེད། རིགས་གཅིག་མཁས་ཅན་གྱིས་་འཆད་ཁྲིད་གནང་བ་དང་ཡུལ་དངོས་སུ་དཔེ་སྟོན་སོགས་ཀྱི་ལམ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ནས་སོན“ཧི་མ་ལ་ཨང23པའི”འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་སོན་སྣ་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ཚོད་ལྟའི་དཔེ་སྟོན་དང་ཁྱབ་གདལ་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་རྒྱུ་ཡིན་པ་དང་དུས་མཚུངས་ས་མཐོ་གྲང་ངར་ཆེ་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་མིང་བྱང་ཆེན་པོ་ཧུར་ཐག་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་ས་མཐོ་གྲང་ངར་ཆེ་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

