འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་གྲོང་ཁྱེར་གྱི་རྫོང་ཁག་གིས་བྱེད་སྒོ་ཁག་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་པ་དང་། སྲོལ་རྒྱུན་གྱི་དུས་ཆེན་དགའ་གཏོང་བྱེད་པ་བརྒྱུད། སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་སྲོལ་རྒྱུན་གྱི་རིག་གནས་ལ་ཁས་ལེན་བྱས་ཏེ། དེ་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་བློ་སྦྱོང་བྱེད་དགོས།
སྟེང་ཆེན་རྫོང་དུ་བོད་སྐྱོར་ལས་བྱེད་པར་བརྩེ་སེམས་ཟབ་མོ་བཅངས་ནས་ཟླ་མཆོད་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག བོད་སྐྱོར་ལས་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་གལ་ཆེའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཞིང་། ཐག་རིང་ནས་སྟེང་ཆེན་དུ་ཡོང་སྟེ་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་ཁྱབ་ཁོངས་ཁག་ཏུ་ལས་དོན་ཧུར་ཐག་བསྒྲུབས་ནས་སྟེང་ཆེན་གྱི་འཛུགས་སྐྲུན་དང་གོང་འཕེལ་ཐད་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་སྤེལ་བའི“ཟླ་མཆོད་དུས་ཆེན་མཉམ་འཛོམས་དང་། དུས་ཆེན་མཉམ་རོལ་”ཞེས་པའི་བྱེད་སྒོའི་ཁྲོད་རྒན་རྒོན་ཚོར་ཏང་དང་སྲིད་གཞུང་གིས་ཁོང་ཚོར་མཐོང་ཆེན་དང་ཐུགས་ཁུར་གནང་ལུགས་མཚོན་པ་མ་ཟད། ད་དུང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། རྒན་རྒོན་ཚོས་ཟླ་མཆོད་དུས་ཆེན་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་པ་བྱུང་བ་དང་རྒན་རྒོན་ཚོའི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ནས་དྲོ་སྐྱིད་ཞི་མཐུན་དང་རྒན་བཀུར་རྒན་གཅེས་ཀྱི་སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་ཞིག་བཏོད་ཡོད་པ་རེད།
རི་བོ་ཆེ་རྫོང་དུ་འབྲེལ་ཡོད་འགོ་ཁྲིད་ཀྱིས་འཚམས་འདྲིའི་དངོས་པོ་རེ་རེ་བཞིན་ཁོར་ཡུག་གཙང་སྦྲ་བྱེད་མཁན་བཟོ་པའི་ལག་ཏུ་སྤྲད་པ་དང་འབྲེལ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ནས། དུས་མཚུངས་སུ་ཡུན་རིང་ནང་རྒྱ་ཆེའི་ཁོར་གཙང་སྦྲ་བྱེད་མཁན་བཟོ་པས“མི་གཅིག་བཙོག་ནའང་མི་ཁྲི་སྟོང་མང་པོ་གཙང་སྦྲ་དོད་པའི”ལས་བཀུར་སྙིང་སྟོབས་ཐོག་ནས་ཚང་མར་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་པར་ཐུགས་རྗེ་ཆེ་ཞུས་པ་རེད།
དཔའ་ཤོད་རྫོང་དུ“ཟླ་མཆོད་དུས་ཆེན་སྐབས་སུ། རྒན་གསོ་ཁང་དུ་རྒན་རྒོན་ལ་དྲོ་སྐྱིད་སྦྱིན”ཞེས་པའི་བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཞིང་། ཚང་མས་འཛུམ་དམུལ་དམུལ་ངང་ཕྱོགས་གཅིག་ནས་ཟླ་མཆོད་དུས་ཆེན་གྱི་སྲོལ་རྒྱུན་གོམས་སྲོལ་སྤེལ་རེས་བྱེད་བཞིན་པ་དང་ཕྱོགས་གཅིག་ཤོད་ནས་མོག་མོག་བཟོ་བ། རྒན་རྒོན་ཚོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། ད་དུང་ཁོང་ཚོར་ཤིང་འབྲས་དང་། འོ་མ། ཟླ་མཆོད་བག་ལེབ། བཏུང་བྱ་སོགས་འཚམས་འདྲིའི་དངོས་རྫས་བསྐྱལ་བ་མ་ཟད། ཟླ་མཆོད་དུས་ཆེན་སྤྲོ་པོ་དང་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
མཛོ་སྒང་རྫོང་གི“ཟླ་མཆོད་དུས་ཆེན·དམག་མིའི་བཟའ་ཟླ་མཉམ་དུ་རོལ”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད་དམག་མིའི་བཟའ་ཟླ་ཚོས་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་དང་འབྲེལ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་དུས་ཆེན་དགའ་གཏོང་བྱེད་པ། དམག་མིའི་བཟའ་ཟླར་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐུགས་རྗེ་ཆེ་ཞུས་པ་དང་རྒྱལ་སྲུང་བྱ་གཞག་ལ་རྒྱབ་སྐྱོར་དང་དམག་མིའི་ཁྱིམ་ཚང་ཆེད་དཀའ་སྤྱད་འབད་བརྩོན་བྱེད་མཁན་དམག་མིའི་བཟའ་ཟླར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
མཛོ་སྒང་རྫོང་གི་ཚོགས་པའི་ལས་དོན་པུས་ད་དུང་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་ནས“ཟླ་མཆོད་དུས་ཆེན་ལ། དགའ་གྲོགས་གཏན་འཁེལ་བྱས་”ཞེས་པའི་གཞོན་ནུའི་མཐུན་འབྲེལ་གྲོགས་སྒྲིག་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཐོག་རྫོང་ཡོངས་ཀྱི་ལོ་18ནས་40བར་གྱི་ཁེར་རྐྱང་གཞོན་ནུ་ཞུགས་ཏེ།དེའི་ནང་ལས་བྱེད་པ་དང་། ཆེད་ལས་པ། དང་བླངས་པ། སློབ་ཆེན་སློབ་མ་བཅས་དང་དེ་བཞིན་རྫོང་མེ་ཟོན་རུ་ཆེན་དང་མཛོ་སྒང་བཅའ་སྡོད་དཔུང་སྡེའི་མི་སྣ་སོགས་ཚུད་ཡོད་པ་རེད། དགོད་བྲོ་བའི་བྱེད་སྒོ་བརྒྱུད་ཁེར་རྐྱང་གཞོན་ནུ་ཚོར་ཐུག་འཕྲད་དང་། ངོ་ཤེས། ཕན་ཚུན་རྒྱུས་ལོན་བཅས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད།

