国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月20日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ཞིབ་འཇུག་གནང་བ་རེད།

ལའོ་ཆིན་འུའུ་ཡིས་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བར་བརྟེན། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་སྒུལ་ཤུགས་འདོན་པ་དང་“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ལག་བསྟར་ཡག་པོ་བྱེད་པ།“དམིགས་པ་བདུན”གྱི་དམིགས་ཚད་ལས་འགན་ལ་གཞིགས་ནས། ཁྲིམས་ལྟར་སྲིད་འཛིན་དང་། སྐྱེ་ཁམས་ཤེས་དཔལ། ཞིང་ལས་གྲོང་གསེབ། གཞུང་ཁོངས་ཁེ་ལས། ནོར་ཁྲལ་དངུལ་རྩ། སྐོར་སྐྱོད་བོགས་གཏོང་གླ་འཁོར་བཅས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འགག་སྒྲོལ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་བཅོས་ཁྲོད་བདེ་སྐྱིད་ཆེ་རུ་གཏོང་བ་དང་།

“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། ལས་ཞུགས་འབབ་འཕར་དང་། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ལས་དོན་དམ་འཛིན་བྱེད་པ། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་“གནད་དོན་གསལ་ཐོ་”དེ་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་“ལས་འགན་གསལ་ཐོ་”རུ་འགྱུར་བར་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་“འགག་སྒོ་ཆུང་ཆུང་”སྔར་ལས་མང་བ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཕན་ནུས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ།“བཅོས་སྐྱོང་ལྔ་”ཡི་མཉམ་འདྲེས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ།“དྲ་བ་གཅིག་དང་ལས་སྟེགས་གཅིག་”ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། མ་ལག་འབྲེལ་མཐུད་དང་། གཞི་གྲངས་མཉམ་སྤྱོད། ལས་སྒོ་མཉམ་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་མཉམ་དུ་བསྐྲུན་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། (དཔལ་ཐར་རྒྱལ་གྱིས་བསྒྱུར)