国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月20日

བག་ལྷས་ལའི་ཁ་ཆད།

———ཧྥུའུ་ཅན་བོད་སྐྱོར་གྱིས་དཔལ་འབར་སློབ་གསོར་སྐུལ་སྤེལ་བཏང་བའི་སྐོར།

རྒྱས་སྐྲུན་བྱས་རྗེས་ཀྱི་དཔལ་འབར་རྫོང་ལྟེ་བའི་སློབ་ཆུང་གི་རྣམ་པ།

སློབ་ཁང་ནང་གི་སློབ་ཁྲིད་ནུས་རྩལ་གསོ་སྦྱོང་བྱེད་པ།

རྒྱལ་ལམ་349བརྒྱུད་བོད་ལྗོངས་ཆབ་མདོ་གྲོང་ཁུལ་ནས་དཔལ་འབར་རྫོང་དུ་སོང་ན་དཔལ་འབར་རྫོང་ཁོངས་སུ་སླེབས་ཚེ“དཔལ་འབར་འཕེལ་རྒྱས་གཏོང་དགོས་ན་སྔོན་ལ་སློབ་གསོ་སྤེལ”ཞེས་པའི་ཡིག་འབྲུ་དེ་ལས་དཔལ་འབར་རྫོང་གི་མང་ཚོགས་ཚོའི་སེམས་ནང་གི་སློབ་གསོའི་གནས་བབ་གལ་ཆེན་ཞིག་ཡིན་པ་མངོན་ཐུབ།

འདི་ལོར་དཔལ་འབར་རྫོང་གི་སློབ་གསོའི་ལས་རིགས་ལ་སླར་ཡང་གྲུབ་འབྲས་བཟང་པོ་བླངས་ཡོད་དེ། སློབ་མ་43གྱི་སྐར་འབྲས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་སྐར་གྲངས་ལས་བརྒལ་བ་དེ་ཐོག་ནས་རྫོང་དེའི་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མཚོན། 2021ལོ་ནས་བཟུང་དཔལ་འབར་རྫོང་གི་མཐོ་རིམ་སློབ་འབྲིང་དུ་སློབ་མ་བསྡུ་ཚད་དེ2021ལོའི་43.21%ནས་2024ལོའི་68.82%བར་འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། བག་ལྷས་ལའི་འབོད་ཚིག་དེས་སློབ་གསོ་འཕེལ་རྒྱས་ཀྱི་ངོ་མཚར་ཞིག་བདེན་དཔང་བྱས་ཡོད།

འདས་ཟིན་པའི་ལོ་བཞིའི་ནང་དཔལ་འབར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་བཅུ་པའི་དཔལ་འབར་རྫོང་ལས་དོན་ཚོགས་ཆུང་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་དཔལ་འབར་རྫོང་གི་མཐོ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད་དང་སློབ་གསོའི་སྤུས་ཚད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་། ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི།1995ལོར་སློབ་གྲྭ་བཙུགས་ཚུན། དཔལ་འབར་རྫོང་སློབ་འབྲིང་གི་2020ལོར་བོད་ལྗོངས་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭའི་ནང་སློབ་མ་མེད་པ་ནས་ཡོད་པར་གྱུར་ཏེ་2024ལོར་མི་གྲངས་28ཟིན་ནས་ཆ་སྙོམས་ལོ་ལྟར་བརྒྱ་ཆའི་5ནས་10བར་མཐོ་རུ་ཕྱིན་ཏེ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དེར་མི་རྣམས་ཀྱིས་བསྔགས་བརྗོད་བྱེད།

གྲངས་གཞི་རེ་རེ་བཞིན་འཕར་བ་དང་གྲུབ་འབྲས་རེ་རེ་བཞིན་ཆེ་རུ་ཕྱིན་པ་དེའི་རྒྱབ་ལོགས་སུ་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་སྒེར་སེམས་མེད་པའི་ལེགས་སྐྱེས་དང་དཔལ་འབར་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ཞིག་ཡིན་ལ། དཔལ་འབར་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་། ཤེས་བྱའི་ལས་དབང་ལ་སྒྱུར་བཀོད་གཏོང་བའི་ཡིད་ཆེས་བརྟན་པོ་དང་དེ་བཞིན་འབྱུང་འགྱུར་ལ་རེ་བས་ཁེངས་པའི་ཕུགས་འདུན་བཅས་གཅིག་ཏུ་འདུས་ཡོད།

ལོ་གཉིས་རིང་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་རྫོང་ཡོངས་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་སྟེ་སློབ་གྲྭའི་ཉལ་ཁང་རྒྱས་སྐྲུན་དང་། སྒྲོག་ཙེ་དང་རྐུབ་སྟེགས་གསར་སྒྱུར། འཁྲུད་ཁང་གི་སྒྲིག་བཀོད་འཐུས་ཚང་། སློབ་གྲྭའི་རིག་གནས་འཛུགས་སྐྱོང་སོགས་འཛུགས་སྐྲུན་རྣམ་གྲངས་17ལག་བསྟར་བྱས་པ་རེད། གཞན་ཡང་དཔལ་འབར་རྫོང་ལྟེ་བའི་སློབ་ཆུང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་སྒྲོག་ཙེ་དང་རྐུབ་སྟེགས་རྙིང་པ8000 ལྷག་གསར་པར་ཉོས་པ་དང་། དེས་མ་ཚད་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དཔལ་འབར་རྫོང་ལས་དོན་ཚོགས་ཆུང་གིས་ད་དུང་ལྗོངས་ཕྱིའི་གཅེས་སེམས་ཁེ་ལས་དང་མི་སྒེར་དང་མཉམ་དུ་སློབ་སྐྱོར་ཞལ་འདེབས་བྱེད་སྒོ་ཧུར་ཐག་སྤེལ་ནས་དཔལ་འབར་རྫོང་གི་སློབ་གསོའི་ཁོངས་གཏོགས་ལ་རིན་ཐང་སྒོར་ཁྲི་140རི་བའི་དངོས་ཟོག་དང་དཔེ་དེབ་18940ཞལ་འདེབས་བརྒྱབ་ནས་སློབ་མ་ཚོར་དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་རྒྱུར་རམ་འདེགས་བྱས་པ་རེད། དེའི་ནང་ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཀྲང་ཕུའུ་རྫོང་གི་ཤིན་ཧྭ་དཔེ་འཚོང་ཁང་དང་ཞ་མོན་བྱིས་པའི་རྩོམ་རིག་རྩོམ་པ་པོས་དཔལ་འབར་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་སོ་སོར་སྒོར་ཁྲི་5དང་སྒོར་ཁྲི་14.4རི་བའི་དཔེ་དེབ་ཞལ་འདེབས་བརྒྱབ་པས་དཔལ་འབར་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་དཔེ་ཀློག་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སློབ་གྲྭའི་དཔེ་ཀློག་རིག་གནས་འཛུགས་སྐྱོང་དང་ས་གནས་དེ་གའི་དཔེ་ཀློག་སྣོད་བཅུད་འཛུགས་སྐྱོང་ལ་རམ་འདེགས་ཐུབ་ཡོད་པ་རེད།

“བོད་སྐྱོར་གྱི་བསམ་པའི་རིག་གནས་འདུ་འགོད”ལ་སྐུལ་འདེད་གཏོང་བའི་ཐད་ཧྥུའུ་ཅན་ཞིང་ཆེན་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་དཔལ་འབར་རྫོང་ལས་དོན་ཚོགས་ཆུང་དང་སློབ་གསོ་རིག་གནས་ཚོགས་ཆུང་གིས་ཧྥུའུ་ཅན་གཅེས་སེམས་སྤྱི་ཕན་རྩ་འཛུགས་དང་སྤྱི་ཚོགས་སྤྱི་ཕན་ཁེ་ལས་དང་མཉམ་དུ་ཐུན་མོང་ཐོག“བོད་ལ་དགའ་ཞེན་དང་ཆབ་མདོའི་བྱིས་པའི་དཔེ་ཀློག་སློབ་གསོའི་འཆར་གཞི”ལག་བསྟར་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་45ལྷག་ཙམ་བཏང་སྟེ་དཔལ་འབར་རྫོང་གི་ཤང་གྲོང་11གི་སློབ་གྲྭ་36གི་འཛིན་གྲྭ་199ལ“འཛིན་གྲྭའི་ནང་དཔེ་དེབ་ལྟ་ས་ཡོད”པ་བཙུགས་པ་དང་འབྲེལ་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་དང་བླངས་པ་དཔལ་འབར་རྫོང་དུ་གདན་དྲངས་ཏེ་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སློབ་མའི་དཔེ་ཀློག་གི་ནུས་པ་གསོ་སྐྱོང་བྱས་ཡོད།

ཧྥུའུ་ཅན་དང་བོད་ལྗོངས་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དཔལ་འབར་རྫོང་ལས་དོན་ཚོགས་ཆུང་གིས“འབྲེལ་འདྲེས་ཀྱི་ལམ་ནས”་སློབ་མ་ཕན་ཚུན་སྤེལ་རེས་ཧུར་ཐག་བྱས་ཏེ་དཔལ་འབར་རྫོང་གི་ཕུལ་བྱུང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་28དང་དུས་རབས་ཀྱི་གཞོན་ནུ་བཟང་པོ་5 ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་10བཅས་ཁག་བཞིར་དབྱེ་ནས་ཧྥུའུ་ཅན་དུ་ཧྥུའུ་ཅན་མཐའ་མཚམས་རིག་གནས་སྤེལ་རེས་ཀྱི་དབྱར་སྒར་བྱེད་སྒོར་ཞུགས་སུ་བཅུག་པ་དེས་སློབ་མ་ཚོར་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་འཕེལ་ཐུབ་པ་བྱུང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)