国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

སྟེང་ཆེན་རྫོང་གིས་འགྲིམ་འགྲུལ་རྣམ་གྲངས་ལག་ལེན་བསྟར་ནས་ གོང་འཕེལ་འགྲོ་ཐབས་བྱས་པ།

ཨར་ལས་ཡུལ་དངོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། བྱ་སྤྱོད་ཨུར་ཐག་སྤེལ་ཏེ་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། སྟེང་ཆེན་གྱི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད།

སྟེང་ཆེན་རྫོང་གི་ཨར་སྐྲུན་བྱ་ཡུལ་ཁག་ཏུ་འཕྲུལ་འཁོར་གྱིས་རྒྱུན་མི་ཆད་པར་འཛུགས་སྐྲུན་ལས་ཀ་བྱེད་པ་དང་ཨར་པོ་རྒྱག་མཁན་ཚོའི་བྲེལ་འཚུབ་ཆེ་བའི་རྣམ་པ་གང་སར་མཐོང་རྒྱུ་ཡོད། གཞུང་ལམ་གཙོ་བོ་གསར་སྐྲུན་དང་རྒྱ་སྐྱེད། ཡན་ལག་གཞུང་ལམ་ཉམས་གསོ། ཟམ་པ་སྐྲུན་པ་དང་བརྟན་དུ་གཏོང་བ་བཅས་རྣམ་གྲངས་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་སྟེང་ཆེན་རྫོང་དུ་སྐྲུན་བཞིན་པའི་འགྲིམ་འགྲུལ་རྣམ་གྲངས20ཡོད་པའི་ནང་གྲོང་གསེབ་གཞུང་ལམ་གྲོང་ཚོར་ཤར་གཏོང་ཐུབ་པའི་རྣམ་གྲངས4དང་། གུད་གསབ་ལས་སྤྲོད་རྣམ་གྲངས2 གྲོང་གསེབ་དར་རྒྱས་སྦྲེལ་མཐུད་མ་དངུལ་རྣམ་གྲངས3 བདེ་འཇགས་འགོག་སྲུང་རྣམ་གྲངས6 ཉེན་ཁ་ཆེ་བའི་ཟམ་པ་སྒྱུར་བཀོད་རྣམ་གྲངས5བཅས་ཚུད་ཡོད་པ་དེར་ཁྱོན་མ་དངུལ་སྒོར་28916བཏང་ཡོད་པ་རེད།