国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

གྲོང་ཨུད་ཀྱི་སྐོར་ཞིབ་རེས་འཁོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་དང་པོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་བཅས་སུ་བཅའ་སྡོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྤྱི་ཟླ9པའི་ཚེས7ཉིན་གྲོང་ཨུད་ཀྱི་སྐོར་ཞིབ་རེས་འཁོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་དང་པོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་བཅས་ཚན་པ3དུ་བཅའ་སྡོད་བྱས་ཏེ་བཅའ་སྡོད་སྐུལ་སློང་ཚོགས་ཆེན་འཚོགས་ནས་གྲོང་ཨུད་ཀྱི་སྐོར་ཞིབ་རེས་འཁོར་བརྒྱད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ་སྐོར་ཞིབ་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བསམ་འཆར་བཏོན་པ་རེད།

སྐོར་ཞིབ་ཚོགས་ཆུང་དང་པོས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་བཅས་ཀྱི་ཏང་ཙུའུ་དང་ལས་བྱེད་ལས་བཟོ་ཚོར་གྲོང་ཨུད་ཀྱི་སྐོར་ཞིབ་རེས་འཁོར་བརྒྱད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས་ནས་རེས་འཁོར་འདིའི་སྐོར་ཞིབ་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་ཁྲིད་བསམ་འཆར་བཏོན་ནས་སྐོར་ཞིབ་བྱ་ཡུལ་ཚན་པའི་ཏང་ཙུའུ་དང་ལས་བྱེད་ལས་བཟོ་ཡོངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། སྐོར་ཞིབ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། རང་རྟོགས་ངང“ཆབ་སྲིད་ཐད་ཀྱི་ཞིབ་བཤེར”དང་ལེན་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དག་ཐེར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་བ་བཅས་བྱེད་དགོས་པ་དང་། “མི་དམངས་ལྟེ་བར་འཛིན་པའི”བསམ་བློ་མཐའ་འཁྱོངས་ཀྱིས་སྐོར་ཞིབ་བྱ་ཡུལ་ཚན་པའི་འགན་ནུས་དང་འགན་འཁྲིར་དམ་པོར་དམིགས་ཏེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག གྲོང་ཨུད་ཀྱི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམིགས་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་དམིགས་པ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམིགས་པ། སྐོར་གཟིགས་དང་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་སོགས་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། “དོན་གཅིག་གྲོས་མང”བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་སྤྱོད་གཅིག་མཐུན་ཡོང་བ་བྱས་ནས་མཉམ་སྒུལ་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།