国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

2024ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ ཆབ་མདོ་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཆབ་མདོ་གྲོང་ཁྱེར་བོད་སྨན་རྩིས་ཁང་གིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་ནང་སྨན་བཅོས་ཞབས་ཞུ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་9ཉིན་གྱི་སྔ་དྲོ། 2024ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བས་ཤིས་ཚིག་གསུངས་ཡོད།

འགོ་ཚུགས་མཛད་སྒོའི་ཐོག་ཆབ་མདོ་གྲོང་ཁྱེར་ཟླ་1པོ་ནས་ཟླ་8པའི་བར་གྱི་དྲ་རྒྱའི་བདེ་འཇགས་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གྲོང་ཁྱེར་སློབ་གསོ་ཅུད་དང་། གྲོང་ཁྱེར་སྤྱི་བདེ་ཅུད། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། སྡེ་ཚོགས་གྲོང་ཨུད། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་གཙོ་དོན་ཉིན་མོའི་སྒྲུབ་འགན་འཁུར་མཁན་ཚན་པར་དར་ཆ་སྤྲད་པ་མ་ཟད། དྲ་རྒྱའི་བདེ་འཇགས་ཀྱི་འགྲེམས་སྟོན་ལ་གཅིག་སྡུད་ཐོག་ལྟ་སྐོར་བྱས་ཡོད།