国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས5ཉིན་ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས《ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་རེས་སྐོར་གཉིས་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པའི་ཚོགས་འདུའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་ རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་རེས་སྐོར་ལྔ་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཆབ་མདོ་གྲོང་ཨུད་ཀྱི་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་དང་སྐོར་ཞིབ་མཛུབ་ཁྲིད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གི་དབང་སྤྲད་འགན་བསྐོས་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས》ཁྱབ་བསྒྲགས་གནང་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཝང་ཧྲི་ཡུས་ཚོགས་འདུར་ཞུགས་པ་མ་ཟད་སྐུལ་སློང་གི་གསུང་བཤད་ཀྱང་གནང་བ་རེད།

ཝང་ཧྲི་ཡུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཤེས་རྟོགས་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་དོན་གཉེར་ཞིག་ཏུ་བརྩིས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཟམ་མི་ཆད་པར་སྦྱོང་བརྡར་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། “ངོ་ཤེས་ཀྱི་བཀག་རྒྱ”དང“གཉེན་ཉེ་དང་གྲོགས་པོའི་བཀག་རྒྱ” “ངོ་སོ་ཡི་བཀག་རྒྱ ”བཅས་གཏོར་དགོས་ལ། རྩ་དོན་སྲུང་བ་དང་། ངོ་དགའ་ལ་མི་ལྟ་བ། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་སྒེར་གྱི་འབྲེལ་བར་མི་ལྟ་བ་བྱེད་དགོས། སྣེ་ཁྲིད་དེ“ ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། རྩ་ཁྲིམས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ཞུ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཙུའུ་ཀྲང་གིས་འགན་ཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། སྐོར་ཞིབ་དཔུང་ཁག་གི་སྙིང་ཉེ་ཞིང་གུས་བཀུར་དང་ཡིད་རྟོན་རུང་བའི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།