国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་ཆབ་མདོར“བརྩེ་སེམས་མཐའ་མཚམས་ལ་འཆང”ཞེས་པའི་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་3ཉིན་ནས་ཚེས་5ཉིན་བར། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དབྱང་ཀྲིན་གྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ཆབ་མདོར་ཕེབས་ནས“བརྩེ་སེམས་མཐའ་མཚམས་ལ་འཆང”ཞེས་པའི་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་བྱེད་སྒོར་ཞུགས་ཡོད།

ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་སྤེལ་བ་རེད། དབྱང་ཀྲེན་གྱིས་ད་ལོ་ནི་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་བྱས་ནས་ལོ30འཁོར་བའི་ལོ་ཞིག་རེད། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། དུས་མཚུངས་སུ་རླུང་འཕྲིན་བརྙན་འཕྲིན་ལས་བྱེད་ལས་བཟོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད་ཅེས་གསུངས་པ་རེད།

ཝང་ཡ་ཏུང་གིས་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་ཆབ་མདོར་བསྐྱོད་དེ“བརྩེ་སེམས་མཐའ་མཚམས་ལ་འཆང་ཞེས་པའི”གཅེས་སེམས་དངོས་ཟོག་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་དང་། ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱང་ལམ་གསར་པར་འབད་འབུངས་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཡིད་ཆེས་ཀྱི་ཆོད་སེམས་དང་ངར་ཤུགས་ལ་སྐུལ་མ་ཐེབས་ཡོད།ཆབ་མདོས་གཅེས་སེམས་མཚོན་པའི་དངོས་ཟོག་རེ་རེ་བཞིན་བེད་སྤྱོད་ཞིབ་ཚགས་བྱས་ཏེ།དགོས་མཁོ་ཆེ་ཤོས་ཀྱི་མང་ཚོགས་ཀྱི་ལག་ཏུ་དུས་ཐོག་ཏུ་སྤྲད་དེ།ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱ་རྒྱུ་རེད།རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་སྔར་བཞིན་ཆབ་མདོ་ལ་རྒྱབ་སྐྱོར་དང་།དྲིལ་བསྒྲགས།འོས་སྦྱོར་བཅས་བྱས་ནས།ཆབ་མདོའི་རླུང་འཕྲིན་བརྙན་འཕྲིན་གྱི་བྱ་གཞག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ།དུས་རབས་གསར་པའི་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་དང་བསམ་པའི་སྟོབས་ཤུགས་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

བསྡོམས་རྩིས་བྱས་པ་ལྟར་ན།རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་རང་གྲོང་ཁྱེར་ལ་གྱོན་ཆས་སོགས་དངོས་ཟོག་ཁྲི8ཞལ་འདེབས་བརྒྱབ་པ་རེད།