国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

ལའོ་ཆུན་འུའུ་ཁག་བགོས་གྲོས་སྡུར་ནང་ཞུགས་སྐབས།

སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་གསར་པ་སེལ་བ་དང་ཚོད་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་6ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་སྔ་རྗེས་སུ་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཁ་རུབ་ཆུས་ཚོགས་ཆུང་དང་། རི་བོ་ཆེ་རྫོང་ཚོགས་ཆུང་། གོ་འཇོ་རྫོང་ཚོགས་ཆུང་། འཇོ་མདའ་རྫོང་ཚོགས་ཆུང་བཅས་ཀྱི་གྲོས་སྡུར་ནང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཡ་ཏུང་དང་། རྡོ་རྗེ་དགྲ་འདུལ། ཀྲང་ཝུན་ཧྲན། བློ་བཟང་ཡི་ཤེས། ཉི་མ་ཚེ་རིང་། རྡོ་རྒྱལ། ཡང་དབྱིན་བཅས་ཞུགས་ཡོད།

གྲོས་སྡུར་བྱེད་རིང་། ཚོགས་ཞུགས་མི་སྣ་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་པ་དང་། ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་བྱས་པ་རེད།《〈《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཇུས་གཞི》ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ངོ་བོ་དང་། དོན་སྙིང་གཙོ་བོ་བཅས་ལ་ཁྱབ་ཡོད་པ་དང་།

འཐབ་ཇུས་མཐོ་བ་དང་། བསམ་ཕྱོགས་གསལ་བ། ལས་འགན་ཁ་གསལ་བ། ཚན་རིག་གི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་བཅས་ཅུང་ཆེན་པོ་ལྡན་པས། ང་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།

ཚང་མའི་གཏམ་བཤད་ནན་ཏན་གྱིས་གསན་རྗེས། ལའོ་ཆིན་འུའུ་ཡིས་རྫོང(ཆུས)ཁག་གི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ལག་བསྟར་བྱེད་པ།“དམིགས་པ་བདུན”གྱི་དམིགས་འབེན་དང་ལས་འགན་ལ་གཞིགས་ཏེ། བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་དེ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལག་ལེན་དུ་བསྒྱུར་དགོས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི“དམིགས་པ་ལྔའི”ལས་ཀའི་བླང་བྱ་ལྟར།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ནས་འགོ་བརྩམས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།“ངེས་པར་དུ་བྱ་དགོས་པ་བརྒྱད”དང་།“མིག་དཔེ་དྲུག”ལྟར་སྤྱོད་ཚུལ་ལེགས་གཏོང་དང་། དར་སྲོལ་གསར་པ་འཛུགས་དགོས་པའི་བླང་བྱ་ལྟར། རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ།བློ་ཁོག་ཆེན་པོ་དང་གོམ་པ་བརྟན་པོ།ཁྱོན་ཡོངས་ནས་སྐུལ་སྤེལ་དང་གཙོ་གནད་ཚད་བརྒལ། ཁྱོན་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་པར་བྱས་ཏེ། ལམ་ལུགས་ཀྱི་བཟང་ཆ་དེ་བཅོས་སྐྱོང་བྱེད་ནུས་སུ་རྒྱུན་ཆད་མེད་པར་བསྒྱུར་དགོས་ཞེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་མིག་སྔར། ཆབ་མདོ་འདི་ཉིད་རྒྱལ་ཡོངས་དང་ལྗོངས་ཡོངས་མཉམ་དུ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བསྐྱོད་དེ་མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣའི་གནད་དོན་བཅས་ལ་དམ་པོར་དམིགས་ནས་སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་གསར་པ་སེལ་བ་དང་ཚོད་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་ནས་ཞི་མཐུན་བརྟན་ལྷིང་ལ་དམ་པོར་དམིགས་ཏེ་སྒྱུར་བཅོས་དམ་འཛིན་བྱེད་དགོས། གཉིས་ནས་དམངས་་འཚོའི་འགན་ལེན་ལ་དམ་པོར་དམིགས་ཏེ་སྒྱུར་བཅོས་དམ་འཛིན་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཁོར་ཡུག་ལ་དམ་པོར་དམིགས་ཏེ་སྒྱུར་བཅོས་དམ་འཛིན་བྱེད་དགོས། བཞི་ནས་སྤྱི་ཚོགས་བཅོས་སྐྱོང་ལ་དམ་པོར་དམིགས་ཏེ་སྒྱུར་བཅོས་དམ་འཛིན་བྱེད་དགོས་ཅེས་བསྟན།