འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། རི་བོ་ཆེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མང་ཚོགས་ཀྱི་སྒོ་རྩར་བཅར་ནས“དུད་ཚང་ཀུན་ཁྱབ”བརྙན་འཕྲིན་གྱི་སྒྲིག་ཆས་ཉམས་གསོ་དང་སྲུང་སྐྱོང་བྱས་ཤིང་། སྒྲིག་ཆས་སྐྱོན་ཤོར་བའི་རིགས་ལ་དམིགས་ནས་བརྡ་རྟགས་རྒྱུན་གཏན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར“དུད་ཚང་ཀུན་ཁྱབ”སྒྲིག་ཆས295དང་། འཕྲུལ་འཁོར་གྱི་རྩེ་སྒམ674ཉམས་གསོ་བྱས་ཡོད། གོམ་སྟབས་རྗེས་མར་མུ་མཐུད་ནས་མང་ཚོགས་ཀྱི་སྒོ་རྩར་བཅར་ཏེ“དུད་ཚང་ཀུན་ཁྱབ”སྒྲིག་ཆས་ཉམས་གསོ་བྱས་ནས་ཏང་གི་གསུང་སྒྲ་དུས་ཐོག་ཏུ་དུད་ཚང་ཀུན་ལ་གོ་བར་བྱ་རྒྱུ་རེད།