国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月06日

ཀྲུང་གུང་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭ(གྲོང་ཁྱེར་སྲིད་འཛིན་སློབ་གླིང)ཡིས2024ལོའི་སྟོན་དུས་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ9ཚེས3ཉིན་གྲོང་ཨུད་ཏང་གི་སློབ་གྲྭ(གྲོང་ཁྱེར་སྲིད་འཛིན་སློབ་གླིང)གིས2024ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་བ་རེད།

ཝང་ཡ་ཏུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ལ་གནད་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”གཅིག་ཏུ་སྒྲིལ་བ། སྒྱུར་བཅོས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ཏེ། “དུས་བདེའི་ཆབ་མདོ”དང“སྤུས་གསར་གྱི་ཆབ་མདོ”། “མཛེས་སྡུག་ལྡན་པའི་ཆབ་མདོ”། “མཐུན་སྒྲིལ་ལྡན་པའི་ཆབ་མདོ”བཅས་ཀྱི་འཛུགས་སྐྲུན་ལ་དམ་པོར་དམིགས་པ་དང་། མི་དམངས་སྤྱི་ཡོངས་ཀྱི་ཁེ་ཕན་དང་རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ཏེ་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་ཟམ་མི་ཆད་པར་བསྐང་དགོས་ཞེས་བསྟན་ཡོད།

ཝང་ཡ་ཏུང་གིས་ཆབ་མདོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཏང་ཡོན་ལས་བྱེད་པའི་འགག་སྒྲོལ་དཀའ་སེལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤུས་དག་གི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཆབ་མདོའི་སྤུས་དག་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།