国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月06日

གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

-ཆབ་མདོར་ཡན་ལག་ཚོགས་ར་བཙུགས་ནས་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས2ཉིན་ནས་ཚེས4ཉིན་བར་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་བ་དང་། ངེད་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་དང་། རྫོང(ཆུས)ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཁྱོན་108ལྷག་ཆབ་མདོའི་ཡན་ལག་ཚོགས་རར་ཞུགས་ཏེ་ཚོགས་ཞུགས་མི་སྣས་ཆེད་མཁས་པའི་གསབ་ཁྲིད་དང་། ཚོགས་ཆུང་བགྲོ་གླེང་། རང་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ལ་ཞིབ་ཕྲའི་ངང་སློབ་སྦྱོང་བྱས་པ་མ་ཟད་ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་བྱ་ཐབས་ལ་ཞིབ་འཇུག་གཏིང་ཟབ་དང་སློབ་སྦྱོང་གི་བརྒྱུད་རིམ་ལེགས་སྒྲུབ་བྱས་ཡོད་པ་རེད།

ཆབ་མདོ་ཡན་ལག་ཚོགས་རར་ཚོགས་ཞུགས་མི་སྣ་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་ཟུར་ཁྲིད་སྙན་ཞུར་ནན་ཏན་ངང་གསན་པ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་གཙོ་བོ་ཡང་ཡང་ཟིན་ཐོར་བཀོད་པས་ཚོགས་རའི་ནང་སློབ་སྦྱོང་གི་རྣམ་པ་ཟབ་མོས་ཁེངས་ཡོད་པ་རེད།

ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས“དོན་ཆེན་བཞི”སྒྱུར་བཅོས་ཟབ་གཏོང་གི་ལྟེ་བའི་ལས་འགན་དུ་བརྩིས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས“འཛུགས་གཏོད་བཞི”དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱ་རྒྱུ་དེ་སྒྱུར་བཅོས་ཟབ་གཏོང་གི་རིན་ཐང་མཚོན་ཚུལ་དུ་བརྩིས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། གནད་དོན་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དེ་སྒྱུར་བཅོས་ཟབ་གཏོང་གི་བསམ་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཀྱི་ནུས་པ་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་སྒྱུར་བཅོས་ཟབ་གཏོང་གི་རྩ་བའི་འགན་སྲུང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཅེས་བཏོན་གནང་བ་དེས་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཀྱི་ཐབས་ལམ་སྔར་བས་གསལ་བཤད་བྱས་ནས་ཆབ་མདོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་གྱི་བསམ་ཕྱོགས་ཁ་གསལ་བྱས་ཡོད། གཞན་ད་ཐེངས་ཀྱི་གསོ་སྦྱོང་ནང་བློ་མཐུན་ཁྲེན་ཡུང་ཆི་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་གྱིས་སློབ་སྦྱོང་གི་ནང་དོན་ཟུར་ཁྲིད་དང་གསལ་འགྲེལ་ཞིབ་ཚགས་བྱས་པས་ཚོགས་ཞུགས་མི་སྣ་ཚོར་ཕན་པ་མི་དམན་པ་ཐོབ་ཡོད་པ་རེད།