国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年08月27日

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》

(ཚགས་པར་གོང་མར་མཐུད།)

ལས་བྱེད་པ་བདམས་གསེས་བསྐོ་སྤྱོད་དང་སྒྲིག་ཁྲིམས་ཞིབ་བཤེར། སྐོར་གཟིགས་སྐོར་དཔྱོད་བྱ་རྒྱུའི་སྐོར་སོགས་དང་འབྲེལ་བ་ཡོད་པའི་ཏང་རྩ་འཛུགས་ཀྱི་དཔྱད་ཡིག་ལྐོག་ཏུ་ཉར་འཇོག་བྱས་པ་ལས། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་ལྔ་པ། རྒྱུགས་ལེན་དང་བསྡུ་ལེན་གྱི་ལས་དོན་ཁྲོད་རྒྱུགས་ལེན་གྱི་འདྲི་གཞི་ཕྱིར་བསྒྲགས་པ་དང་། རྒྱུགས་རའི་ནང་ཡིག་རྒྱུགས་རྐུ་བཤུ་བྱས་པ། རྒྱུགས་ཤོག་སུབ་བཅོས་བྱས་པ། སྒྲིག་འགལ་གྱིས་མི་བསྡུ་འཇུག་བྱས་པ་སོགས་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་དྲུག་པ། ཚུལ་མིན་གྱི་བྱེད་ཐབས་སྤྱད་ནས་རང་ཉིད་དམ་ཡང་ན་མི་གཞན་དག་ལ་གཞུང་དངུལ་བཏང་སྟེ་རྒྱལ་ཁབ (མངའ་ཁོངས)ཕྱི་རུ་སྐྱོད་ཐབས་བྱས་ན། ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ། ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་བདུན་པ། གནས་སྐབས་རིང་རྒྱལ་ཁབ(མངའ་ཁོངས)ཕྱི་རུ་སྐྱོད་མཁན་ཚོགས་པའམ(ཚོགས་ཆུང་)ཡང་ན་དེའི་ཁྲོད་ཀྱི་ཏང་ཡོན་གྱིས་རང་དགར་རྒྱལ་ཁབ(མངའ་ཁོངས)ཕྱི་རུ་སྡོད་ཡུན་རིང་དུ་གཏོང་བའམ་ཡང་ན་རང་དགར་ལམ་ཐིག་བསྒྱུར་རིགས་ལས། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་བརྒྱད་པ། ཕྱིར་སྡོད་སྒྲིག་གཞིའམ་ཡང་ན་གནས་སྐབས་རིང་རྒྱལ་ཁབ(མངའ་ཁོངས)ཕྱི་རུ་སྐྱོད་མཁན་ཚོགས་པའི(ཚོགས་ཆུང་)ཁྲོད་ཀྱི་ཏང་ཡོན་གྱིས་བཅའ་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་བཅའ་ཁྲིམས་དང་ཁྲིམས་བཀོད་བཀའ་རྒྱ་ལས་འགལ་བའམ་ཡང་ན་བཅའ་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་ཆོས་ལུགས་གོམས་གཤིས་ལ་བརྩི་འཇོག་མ་བྱས་ན། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་དགུ་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་། རྩ་འཛུགས། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན། དེ་བཞིན་ལས་ཁུངས་ཀྱི་ལས་དོན་སོགས་ལས་དོན་གཞན་དག་ཁྲོད་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་འགན་འཁྲི་ཡང་དག་མ་བསྒྲུབས་པའི་རྐྱེན་གྱིས་གྱོང་གུན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། བྱེ་བྲག་གི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ནས་འབུད་པའི་བར་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ལྔ་བཅུ་པ། བག་མེད་ལོངས་སྤྱོད་ཀྱི་འཚོ་བ་བསྐྱལ་བ་དང་། རྒྱས་སྤྲོས་ཆུད་ཟོས། སྐྱིད་འདོད་ལ་རྔམ་པ། མ་རབས་ཞེན་ཆགས་བྱས་པའི་དབང་གིས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ང་གཅིག་པ། མི་གཞན་དང་ཚུལ་མིན་གྱི་ཕོ་མོའི་འབྲེལ་བ་བྱུང་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།འགན་དབང་དང་་སློབ་སྐྱོང་གི་འབྲེལ་བ། ཁོངས་གཏོགས་ཀྱི་འབྲེལ་བའམ་ཡང་ན་དེ་དང་འདྲ་བའི་འབྲེལ་བ་གཞན་དག་བེད་སྤྱད་དེ་མི་གཞན་དང་ཕོ་མོའི་འབྲེལ་བ་བྱུང་རིགས་ལ། ཆད་པ་ལྕི་མོ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ང་གཉིས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་མ་བྱས་པར། བཟའ་ཟླ་བུ་ཕྲུག །དེ་བཞིན་བུ་ཕྲུག་གི་བཟའ་ཟླར་དོ་དམ་དང་སློབ་གསོ་མ་འདང་བའི་དབང་གིས་ཤུགས་རྐྱེན་ངན་པ་བཟོས་པའམ་ཡང་ན་ངན་འབྲས་ཚབས་ཆེན་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ང་གསུམ་པ། སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲོལ་བཟང་དང་རྒྱབ་འགལ་གྱིས་མི་མང་འདུ་འཛོམས་བྱ་ཡུལ་དང་དྲ་རྒྱའི་བར་སྟོང་ལ་ཚུལ་མིན་གྱི་གཏམ་སྤྱོད་སྤེལ་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ང་བཞི་པ། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དམ་ཁྱིམ་ཚང་གི་སྤྱོད་བཟང་དང་མི་མཐུན་པའི་བྱ་སྤྱོད་ཚབས་ཆེན་གཞན་དག་ཡོད་རིགས་ལ། བྱེ་བྲག་གི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ནས་འབུད་པའི་བར་གྱི་ཆད་པ་གཅོད་རྒྱུ།

ལེ་ཚན་གསུམ་པ། ཞར་བྱུང་དོན་ཚན།

དོན་ཚན་བརྒྱ་དང་ང་ལྔ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་ཀྱིས་སྲོལ་ཡིག་འདི་གཞིར་བཟུང་རང་སོ་སོའི་ལས་ཀའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་ལག་བསྟར་གཏན་འབེབས་རྐྱང་པ་བཟོས་ཆོག

དོན་ཚན་བརྒྱ་དང་ང་དྲུག་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་སྡེའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཁ་གསབ་གཏན་འབེབས་སམ་ཡང་ན་གཏན་འབེབས་རྐྱང་པ་བཟོས་ཆོག

སྲོལ་ཡིག་འདི་ལག་བསྟར་མ་བྱས་གོང་ལ་གྱོད་ཐག་བཅད་ཟིན་པའི་གྱོད་གཞིར་གལ་ཏེ་བསྐྱར་བཤེར་བསྐྱར་གྲོས་བྱེད་དགོས་ན། སྐབས་དེ་དུས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་སྤྱད་འཐུས། གྱོད་ཐག་མ་བཅད་པའི་གྱོད་གཞིར། གལ་ཏེ་བྱ་སྤྱོད་བྱུང་སྐབས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་ཀྱིས་སྒྲིག་འགལ་ཡིན་པའི་ངོས་འཛིན་བྱས་མེད་ཀྱང་སྲོལ་ཡིག་འདིའི་ནང་སྒྲིག་འགལ་ཡིན་པ་ངོས་འཛིན་བྱས་ཡོད་ན། སྐབས་དེ་དུས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་གཞིར་བཟུང་ཐག་གཅོད་བྱ་རྒྱུ། གལ་ཏེ་བྱ་སྤྱོད་བྱུང་སྐབས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་ཀྱིས་སྒྲིག་འགལ་ཡིན་པ་ངོས་འཛིན་བྱས་ན། སྐབས་དེ་དུས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་གཞིར་བཟུང་ཐག་གཅོད་བྱ་རྒྱུ། འོན་ཀྱང་སྲོལ་ཡིག་འདིས་སྒྲིག་འགལ་ཡིན་པ་ངོས་འཛིན་མ་བྱས་པའམ་ཡང་ན་ཐག་གཅོད་ཡང་ཙམ་བྱེད་དགོས་རིགས་ཡིན་ན། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།།