འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཟའ་འཁོར་གཅིག་གི་ཛ་དྲག་འགྲན་རྩོད་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་ཁམས་པའི་བུམ་པ་ལན་ཆིའུ་འགྲན་བསྡུར་སྐབས་ལྔ་པ་དེ་ཟླ 8 ཚེས 22 ཉིན་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་དོ་ཁུར་འོག་མཇུག་འགྲིལ་བ་རེད། ད་རེས་ཀྱི་འགྲན་བསྡུར་ཟླ8ཚེས16ཉིན་འགོ་ཚུགས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་ལན་ཆིའུ་རུ་ཁག་བཅོ་ལྔ་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
ཛ་དྲག་ཆེ་བའི་འགྲན་བསྡུར་ཐེངས 30 བྱས་པའི་ཁྲོད་དུ་འགྲན་ཞུགས་རུ་ཁག་སོ་སོས་ཕུལ་བྱུང་གི་སྤོ་ལོའི་ལག་རྩལ་དང་། མ་གྲོས་གཅིག་མཐུན་གྱི་གཞོགས་འདེགས་དང་ཞུམ་མེད་དམར་འཛིང་གི་སྙིང་སྟོབས་ལ་བརྟེན་ནས། ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཐོབ་པ་རེད།འགྲན་བསྡུར་གྱིས་ཆབ་མདོ་གྲོང་ཁྱེར་གྱི་ལན་ཆིའུ་ལས་འགུལ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་མ་ཟད། ཆུས་དང་རྫོང་ཁག་དབར་གྱི་ལུས་རྩལ་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བས་གྲོང་མིའི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་ཡོད།
རྒྱལ་ཕམ་འགྲན་བསྡུར་གྱི་ཉིན་དེར། ཁ་རུབ་ཆུས་ཀྱི་རུ་ཁག་དང་དཔའ་ཤོད་དུང་དཀར་ཨར་འདམ་བཟོ་གྲྭའི་རུ་ཁག་གཉིས་རྣོ་ངར་ལྡན་པའི་འགྲན་བསྡུར་ཞིག་བྱས་པ་རེད། ཕྱོགས་གཉིས་ཀའི་རུ་མི་ཚོས་ལག་རྩལ་ཡོད་རྒུ་བཏོན་ནས་འགྲན་བསྡུར་བྱས་པས། མཐའ་མར་དཔའ་ཤོད་རྫོང་དུང་དཀར་ཨར་འདམ་བཟོ་གྲྭའི་རུ་ཁག་གི་སྤོ་ལོ་རྒྱག་རྩལ་ཕུལ་དུ་བྱུང་བས་སྤོ་ལོའི་སྐར་མ88དང66གི་བསྡུར་གྲངས་ཐོག་ནས་ཁ་རུབ་ཆུས་ཀྱི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། སྐབས་འདིའི་ཁམས་པའི་བུམ་པ་སྤོ་ལོའི་འགྲན་བསྡུར་ཐོག་ཨང་དང་པོ་རག་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་“ཁམས་པ་བུམ་པའི་”ལན་ཆིའུ་འགྲན་བསྡུར་སྐབས་ལྔ་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་ལན་ཆིའུ་ལུས་རྩལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སླར་ཡང་བསུ་རྒྱུ་རེད།
འབྱུང་འགྱུར་གྱི་འཚོ་བའི་ནང་ཆབ་མདོ་གྲོང་ཁྱེར་གྱི་ལན་ཆིའུ་བྱ་གཞག་དེ་བས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་གྲོང་མིར་ངོ་མཚར་ཆེ་བའི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་དེ་བས་མང་བ་བཤམས་རྒྱུའི་ཡིད་ཆེས་ཡོད།