འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས22ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་གནམ་གཤིས་ཅུད་མཉམ་དུ《དུས་རབས་གསར་པའི་ཆབ་མདོའི་གནམ་གཤིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་དང་། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུད་ཀྱི་ཅུད་ཀྲང་ཕུའུ་ཆང་མཛད་སྒོ་ནང་ཞུགས་ཡོད་པ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་ཕུའུ་ཆང་སོགས་ཆབ་མདོར་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། རང་སྐྱོང་ལྗོངས་གནམ་གཤིས་ཅུད་ཀྱིས་དུས་ཡུན་རིང་པོར་ཆབ་མདོའི་གནམ་གཤིས་ལས་དོན་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར།རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ལའོ་ཆིན་འུའུ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་རང་བྱུང་ཆ་རྐྱེན་དང་གནམ་གཤིས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་ངོ་སྤྲོད་གནང་ཡོད། ཁོང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། ཆབ་མདོས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་གནམ་གཤིས་ལ་ཁ་གཏད་གཅོག་པའི་ཐད་ཀྱི་ལས་ཀའི་བླང་བྱ་ཇེ་མཐོར་བཏང་སྟེ། དེ་བས་སྤུས་ལེགས་དང་གནད་འཁེལ་བ། ཕན་འབྲས་ཆེ་བའི་སྒོ་ནས་གནམ་གཤིས་ཞབས་ཞུའི་འགན་ལེན་བྱེད་དགོས་ཤིང་། ལྗོངས་གནམ་གཤིས་ཅུད་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཞིང་ལས་གནམ་གཤིས་ཞབས་ཞུ་དང་ལས་གཞི་གལ་ཆེན་གྱི་གནམ་གཤིས་ཞབས་ཞུའི་འགན་ལེན་ཐད་ཆབ་མདོར་མཛུབ་ཁྲིད་དེ་བས་མང་བ་དང་། ལག་རྩལ་མཐོར་གཏོང་དང་ཤེས་ལྡན་མི་སྣ་སྦྱོང་བརྡར་སོགས་ཀྱི་ཐད་ནས་རོགས་རམ་དེ་བས་མང་བ་བྱེད་པ་དང་། ཕྱོགས་གཉིས་པོས་གྲོས་མཐུན་ལམ་ལུགས་ཅན་དང་མཐུན་སྦྱོར་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་རྒྱུར་དམིགས་ནས་མཉམ་ལས་བྱེད་པ། གནམ་གཤིས་ལས་དོན་སྤུས་དག་འཕེལ་རྒྱས་ཁྲོད་གནས་པའི་ཆབ་མདོའི་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གནམ་གཤིས་ལས་སྒོའི་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་རང་བྱུང་ཐོན་ཁུངས་དང་ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ས་ཆའི་འཆར་འགོད་དང་། མ་དངུལ་རོགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ནས་གནམ་གཤིས་སྡེ་ཚན་ལ་གཞོགས་འདེགས་ཡག་པོ་བྱས་ཏེ་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། གྲོང་ཁྱེར་དང་རྫོང་གནམ་གཤིས་སྡེ་ཚན་གྱིས་རང་འགུལ་ངང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོར་བསྐྱོད་དེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་དག་འཕེལ་རྒྱས་ལ་དེ་བས་སྣ་མང་ཅན་དང་། ཞིབ་ཕྲ་ཅན། སྤུས་ཚད་མཐོ་བའི་གནམ་གཤིས་ཞབས་ཞུ་འགན་ལེན་བཅས་བྱས་ནས་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་དེ་བས་ལེགས་པའི་འདེགས་སྐྱོར་དང་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
རང་སྐྱོང་ལྗོངས་གནམ་གཤིས་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུད་ཀྲང་ཕུའུ་ཆང་གིས་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུད་ནི་ཀྲུང་གོ་གསར་པས་བོད་ལྗོངས་སུ་བཙུགས་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་དང་པོ་དེ་ཡིན་པ་དང་། སྔར་ནས་བཟུང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གནམ་གཤིས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་དམ་ཟབ་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་འོག་གནམ་གཤིས་ལ་བརྟེན་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། མ་འོངས་པར་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཆབ་མདོའི་གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “ཅུད་དང་གྲོང་ཁྱེར་གྱི་མཉམ་ལས”ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་དག་འཕེལ་རྒྱས་འགྲོ་རྒྱུར་གནམ་གཤིས་ཀྱི་ཞབས་ཞུ་འགན་ལེན་བྱེད་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཧྲི་ཀྲང་གཞོན་པ་ཕུའུ་ཡུས་ཧོས་ཀྱིས་མིང་རྟགས་འགོད་པའི་མཛད་སྒོར་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་གནམ་གཤིས་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཝུང་ཧའེ་ཆིང་དང《མཉམ་ལས་གྲོས་མཐུན》བཞག་པ་རེད།