འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས9ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཆབ་མདོ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་མཉམ་འབྲེལ་ཐོག་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་ནི་“ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་”བྱེད་པ་ནས་འགོ་ཚུགས་ཏེ།ཏང་ཡོན་ཡོངས་ཀྱིས་སྲིད་གཙང་ཉེན་བརྡའི་སློབ་གསོའི་གློག་བརྙན་དང་གསར་བརྗེའི་སློབ་གསོའི་གློག་བརྙན་ལ་བལྟས་པ་དང་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བཅས་ལ་ལྟད་མོ་བལྟས་པ་མ་ཟད།མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གི་ལོ་རྒྱུས་ཁང་དང་།ཁ་རུབ་ཆུས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བས།ཏང་ཡོན་ཚོར་སློབ་གསོ་དང་བློ་སྒོ་ཟབ་མོ་ཕྱེ་ནས་ཏང་གཤིས་བློ་སྦྱོང་ཟམ་མི་ཆད་པར་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བ་རེད།
ཚང་མས་སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་དང་།སྤྱོད་གཙང་གི་མཚམས་ཐིག་བརྟན་སྲུང་སྤྱོད་བཟང་དྲང་བདེན་དར་སྤེལ་བཅས་རྒྱུན་འཁྱོངས་བྱས་ཏེ་རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ནང་ཞུགས་པའི་དམ་བཅའ་ལག་ལེན་བསྟར་ཏེ། ཆབ་མདོའི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུའབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་ཏང་ཡོན་70ཞུགས་པ་དང་སྡེ་ཚན་གསུམ་གྱི་ཏང་ཨུད་དང་། ཏང་ཙུའི་ཚན་ཁག་གི་ཁོངས་མི། འགོ་ཁྲིད་ལས་བྱེད་པ་བཅས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་ཡོད་པ་རེད།

