国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年08月13日

ཧྥུའུ་ཅན་གྱི་གཅེས་སེམས་ཁེ་ལས་མཁས་ཅན་གྱིས་ཆབ་མདོར་སྒོར་ཁྲི་215ཡི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས་5ཉིན་གྱི་ཕྱི་དྲོར་ཧྥུའུ་ཅན་གྱི་གཅེས་སེམས་ཁེ་ལས་མཁས་ཅན་གྱིས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་མ་ལག་ལ་ཞལ་འདེབས་སྒོར་ཁྲི 215 ཡི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་ཆབ་མདོ་གྲོང་ཁྱེར་གྱི་མ་བུ་འཕྲོད་སྦྱོར་ཁང་དུ་འཚོགས་པ་རེད།

ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག གཅེས་སེམས་ཁེ་ལས་མཁས་ཅན་ལའེ་ཏིང་ཅེ་ཡིས་ད་ཐེངས་ཞལ་འདེབས་ཕུལ་བའི་སྨན་བཅོས་སྒྲིག་ཆས་ནང་འབྱིན་རྔུབ་འཕྲུལ་ཆས་དང་ལག་མཐིལ་སྒྲ་འདས་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་ཚུད་ཡོད། སྒྲིག་ཆས་དེ་དག་གིས་ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞིའི་བརྟག་དཔྱད་ལས་ཕྱོད་དང་གནད་འཁེལ་རང་བཞིན་ཆེ་རུ་ཕྱིན་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མུ་མཐུད་ལེགས་སུ་ཕྱིན་ནས་རྒྱ་ཆེའི་བོད་རིགས་སྤུན་ཟླར་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག་ལའེ་ཏིང་ཅེ་ཡིས་ད་དུང་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་ལས་མང་བའི་གངས་ལྗོངས་ས་མཐོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུའི་སེམས་ཤུགས་ཡོད་ཅེས་བཤད་པ་རེད།

ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་གོ་པིའོ་ཡིས་ཧྥུའུ་ཅན་གཅེས་སེམས་ཁེ་ལས་མཁས་ཅན་གྱིས་དགེ་སྒྲུབ་བྱ་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་པ་མ་ཟད། གཅེས་སེམས་ཆེ་ཆུང་ལ་མ་བལྟོས་པར་དང་ས་ཁོངས་མི་འབྱེད་པར་གཅེས་སེམས་མཚོན་པར་བྱ་སྤྱོད་དང་དེ་བས་ཀྱང་གཅེས་སེམས་མཚོན་མཁན་གྱིས་མི་དཔེ་ཡོད་དགོས།ཞལ་འདེབས་འབུལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས་ལའེ་ཏིང་ཅེས་དང་བཅས་པས་ད་དུང་ཆབ་མདོ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་གི་སྒོ་བསྟེན་སྨན་བཅོས་ཁང་དང་སྨན་ཁང་དུ་ལྟ་སྐོར་བྱེད་དེ་ཆབ་མདོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་དགོས་མཁོ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་འབྱུང་འགྱུར་ལ་ཕྱོགས་གཉིས་པོས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་དེ་བས་མང་བ་བྱ་རྒྱུར་རྨང་གཞི་གཏིང་དགོས་ཅེས་གསུངས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།ཉེ་བས་ལོ་ཤས་རིང་།ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་མཐུན་སྦྱོར་འོག་ཧྥུའུ་ཅན་ཞིང་ཆེན་དང་ཆབ་མདོ་གྲོང་ཁྱེར་གྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཧྥུ་ཅན་ཞིང་ཆེན་དང་ཧྥུ་ཅན་ཞིང་ཆེན་གྱི་རྒྱལ་གཅེས་མི་སྣ་དང་གཅེས་སེམས་ལྡན་པའི་ཁེ་ལས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་རིམ་བཞིན་མཐོ་རུ་ཕྱིན་ཡོད་པས་།ད་རེས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་ཆབ་མདོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཧྥུའུ་ཅན་གྱི་གཅེས་སེམས་ཁེ་ལས་པའི་བླ་ན་མེད་པའི་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དང་སྒེར་སེམས་མེད་པའི་སྤྱི་ཚོགས་ཀྱི་གཅེས་སེམས་སྔར་བས་མངོན་པར་བྱས་ཡོད་ལ།ཕུའུ་ཅན་དང་བོད་ལྗོངས་ས་གནས་གཉིས་དབར་གྱི་བརྩེ་དུང་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད།