国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年08月13日

གོ་འཇོ་རྫོང་གིས་2024ལོའི་ཨ་དབང་ལུག་གི་རིག་གནས་ཚོང་ དོན་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

མི་མེད་གནམ་གྲུའི་འཁྲབ་སྟོན།

མེ་ཕུང་དགོང་ཚོགས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས8ཉིན།གོ་འཇོ་རྫོང་གི2024ལོའི་ཨ་དབང་ལུག་གི་རིག་གནས་ཚོང་དོན་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོ་དེ་གོ་འཇོ་རྫོང་དུ་སྤེལ་བ་རེད།

མེ་ཕུང་དགོང་ཚོགས་སྤེལ་བ་དང་བསྟུན་ནས། མི་མེད་གནམ་གྲུ 200 བར་སྣང་ནས་ལྡིང་སྐོར་རྒྱག་པ་དང་། འཁྲབ་སྟོན་ཧྲིལ་པོའི་རྣམ་པ་དེ་མཐོ་རླབས་སུ་འཕེལ་བ་རེད། མི་མེད་གནམ་གྲུས་མཚན་མོའི་མཁའ་དབྱིངས་སུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བྲིས་ནས་ངོ་མཚར་ཆེ་བའི་ཆབ་མདོ་དང་།མཐུན་སྒྲིལ་འཕེལ་རྒྱས། ཐོན་ལས་དར་རྒྱས་སོགས་ལེའུ་གསུམ་གྱི་ཐོག་ནས་འོད་མདངས་རབ་ཏུ་འཚེར་བའི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བསྟན་པ་རེད།

ཆབ་མདོ་གྲོང་ཁྱེར་དང་གོ་འཇོ་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་འབོད་ཚིག་དང་།ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བའི་ཞིང་ལས་ཐོན་ལས་གླིང་སོགས་མཚོན་རྟགས་རང་བཞིན་གྱི་ནང་དོན་མཚན་མོའི་མཁའ་དབྱིངས་སུ་འོད་ཆེམ་ཆེམ་དུ་འཕྲོ་བ་མ་ཟད།ད་དུང་ས་མཐོའི་མེ་འཁོར་དང་།ཨ་དབང་ལུག སེ་འབྲུ་མེ་ཏོག་བཞད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་རི་མོ་16ཡི་དར་སྲོལ་དང་གདོང་ལེན་གྱི་རྣམ་པའི་ཐོག་ནས་ངོ་མཚར་ཆེ་བའི་ཆབ་མདོ་དང་ཡ་མཚན་ཅན་གྱི་གོ་འཇོའི་ཡུལ་གནས་འོས་སྦྱོར་བྱས་པས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོས“ཧང་སངས་པའི”རྣམ་པ་ཞིག་འཆར་ཡོད།

མེ་ཕུང་དགོང་ཚོགས་དང་མི་མེད་གནམ་གྲུའི་འཁྲབ་སྟོན་དེའི་2024 ལོའི་གོ་འཇོ་རྫོང་གི་ཨ་དབང་ལུག་གི་རིག་གནས་ཚོང་དོན་དྲིལ་བསྒྲགས་བྱེད་སྒོའི་གདན་ཞུའི་མཛད་སྒོར་བརྩིས་ནས་དར་སྲོལ་དང་གདོད་མའི་སྐྱེ་ཁམས་རིག་གནས་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ 75 འཁོར་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པས་རྣམ་པ་ཞིག་མངོན་ཡོད།མེ་ཕུང་དང་རྣམ་པར་བཀྲ་བའི་སྐར་ཚོགས་ཀྱི་རྒྱན་ཆའི་འོག་ཏུ་གོ་འཇོ་རྫོང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་གསར་པའི་ཁྲོད་དུ་སྤྲོ་སེམས་རབ་ཏུ་རྒྱས་པ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།