国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年08月13日

ལོ་ངོ་སུམ་ཅུའི་རིང་ལ་བོད་སྐྱོར་བྱས། བོད་ཤར་ས་མཐོར་བརྩེ་བ་ཟབ་མོ་བཅངས།

——རིམ་བྱུང་ཁག་ཐེངས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིས་ཆབ་མདོར་འཚམས་ལན་ཞུས་པའི་མཐོང་ཐོས།

མཚམས་ལན་འཐུས་མིས་བོད་སྨན་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ལྟ་སྐོར་བྱས་པ།

བོད་ཤར་གྱི་ས་གཞི་ཆེན་མོར་རྒྱང་བལྟ་བྱས་ཚེ།ཁྱོད་ཀྱིས་ཅི་ཞིག་མཐོང་བྱུང་།ནོར་ནག་དང་ཨ་དབང་ལུག་གིས་རྩྭ་ཐང་དུ་བག་ཕེབས་ངང་རྩྭ་ཟ་ཆུ་འཐུང་པའི་ཡིད་འོང་རྣམ་པ་ཞིག་མཐོང་རྒྱུ་ཡོད་ལ།ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བྱེད་པ།གནས་སྤོ་བཀོད་སྒྲིག་བྱ་ཡུལ་ནས་ཞིང་འབྲོག་མང་ཚོགས་ཀྱི་དགའ་སྤྲོའི་དགོད་སྒྲས་ཁེངས་པ།ཁྲུང་ཆིང་ཐང་ཆེན་དང་ཐེན་ཅིན་ཐང་ཆེན།ཤར་རླུང་ཐང་ཆེན་བཅས་སུ་མི་ཚོགས་ཀྱིས་ཁེངས་ཞིང་།ཐོན་ལས་གླིང་ཁུལ་གྱིས་ཐོན་སྐྱེད་བྱས་པའི་ས་མཐོའི་ཁྱད་ལྡན་ཐོན་རྫས་སེ་འབྲུ་ཆུང་ཆུང་ལྡོག་པོ་དང་འདྲ་བའི་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྒྱུག་བཞིན་ཡོད།

ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ30འཁོར་བའི་མཚམས་འདིར། ཟླ8ཚེས4ཉིན་ནས་ཚེས7ཉིན་བར། ཁག་ཐེངས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་ལས་བྱེད་པ་92ཆབ་མདོར་འཚམས་ལན་ཕེབས་པ་རེད། ཁོང་ཚོ་ནི་ཁྲུང་ཆིང་དང་ཐེན་ཅིན། ཧྥུའུ་ཅན། སི་ཁྲོན་དང་ཀོང་ཏུང་། ཅང་སུའུ། ཨང་ཧུས་དང་ཀོས་ཀྲུའུ་སོགས་ཀྱི་ཞིང་ཆེན་དང་ཀྲུང་དབྱང་གི་བོད་སྐྱོར་ལས་བྱེད་པའི་འཐུས་མི་ཆབ་མདོར་ཕེབས་ཡོད་པ་དང་ཁོང་ཚོས་དེ་སྔོན་ཆབ་མདོར་ལས་ཀ་བྱས་མྱོང་ཡོད་པས་སླར་ཡང་གནས་འདིར་སླེབས་དུས་གཞན་དང་མི་འདྲ་བའི་ཚོར་སྣང་ཞིག་ཡོད་པ་རེད།1994 ལོའི་ཟླ7པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཁ་གཏད་བོད་སྐྱོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གནང་ནས། 1995 ལོར་སི་ཁྲོན་དང་ཁྲུང་ཆིན། ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁག་དང་པོའི་བོད་སྐྱོར་ལས་དོན་རུ་ཁག་མངགས་ནས་ཆབ་མདོ་མི་དམངས་དང་འབྲེལ་ལམ་བཙུགས་ཡོད། ལོ་ངོ 30 རྗེས་སུ། ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་སླར་ཡང་ཆབ་མདོར་ལོག་ནས་ང་ཚོར 1995 ལོའི་དུས་ཚོད་སྒོ་མོ་སེམས་ནང་ལྷང་ངེས་འཆར་རུ་བཅུག

ལོ་26 སོང་རྗེས། ཁྲུང་ཆིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ལིའུ་སུང་ཡུང་སླར་ཡང་རི་བོ་ཆེ་རྫོང་གྲོང་གི་ཁྲོམ་གཞུང་དུ་འབྱོར་སྐབས་ཧུར་ངང་གྲོང་གསར་ནས་རང་གི་དྲན་ཤེས་ནང་གིས་རི་མོ་འཚོར་བཞིན་མཆིས། སྔོན་མའི་ལས་སྒྲུབ་བྱེད་སར་འགྲོ་དུས་ལས་གྲོགས་རྒན་པ་དང་འཕྲལ་སྐབས། ལོ་བདུན་ཅུ་ལ་ཉེ་བའི་ཁོང་གིས་མིག་ནང་དགའ་སྤྲོའི་མཆི་ཞགས་འཁོར། 1995ལོའི་ཟླ་4པའི་ཟླ་མཇུག་ཏུ་ལོ་38ལ་སླེབས་པའི་ལིའུ་སུང་ཡུང་གིས་ཁྲག་དྲོན་གྱིས་ཁེངས་པའི་ངང་བོད་རིགས་སྤུན་ཟླར་ཞབས་འདེགས་ཞུ་བའི་སེམས་པ་བཅངས་ནས་ཕ་ཡུལ་དང་བྲལ་ནས་རི་བོ་ཆེ་རྫོང་དུ་ཡོང་ནས་ལོ་4རིང་རྫོང་ཨུད་ཧྲུའུ་ཅིའི་ལས་དོན་སྒྲུབ་འགོ་ཚུགས། ལིའུ་སུང་ཡུང་གིས་ཕྱིར་དྲན་བྱེད་པར་ལྟར། སྐབས་དེ་དུས་རི་བོ་ཆེ་རྫོང་ལ་ཁྲོམ་གཞུང་གཅིག་ལས་མེད། དུས་ཚོད་ཐུང་ཐུང་ནང་རྫོང་གྲོང་སྐོར་བ་གཅིག་རྒྱབ་ཐུབ་ཀྱི་ཡོད།ལས་ཚོགས་གྲོལ་རྗེས་སོ་སོས་ཆུ་ལེན་ནས་འཐུང་དགོས་པ་དང་གྲོང་ཚོར་བརྟག་ཞིབ་འགྲོ་སྐབས་རྟ་བཞོན་ནས་འགྲོ་དགོས། ཟ་མ་ནི་རྩམ་པ་དང་ཇ་ལས་མེད།འཚོ་བ་དང་ལས་ཀའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། ཆ་རྐྱེན་དཀའ་ཚེགས་ཆེ་ཡང་ལིའུ་སུང་ཡུང་གིས་ཁུང་ཧྥན་སེན་མིག་དཔེར་བྱས་ཏེ།སྔར་ཡོད་ཀྱི་རྨང་གཞིའི་ཐོག་རིགས་རི་བོ་ཆེ་རྫོང་གྲོང་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་བཟོས་ནས་ཏང་དང་བོད་ལྗོངས་མི་དམངས་ཀྱི་ཆེད་དུ་ལས་ཀ་ཧུར་ཐག་བྱས་ནས་རི་བོ་ཆེ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་མ་ཟད།བོད་སྐྱོར་ལས་དོན་ལ་འགོ་ཡག་པོ་ཞིག་བཙུགས་པ་རེད།

ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་ངོ30སོང་རིང་། ཞིང་ཆེན་དང་གྲོང་ཁྱེར11དང་ཁེ་ལས12ནས་བོད་སྐྱོར་ལས་བྱེད་པ་ཁག་ཐེངས10བྱས་ནས་མི1900ལྷག་ཆབ་མདོར་ཕེབས་ནས་གཙང་གསུམ་ས་གཞི་ཆེན་པོའི་མི་རིགས་ཁག་གི་མང་ཚོགས་དང་དཔུང་པ་མཉམ་གཤིབ་ངང་འཐབ་འཛིང་བྱས་པ་དང་། ཤེས་ལྡན་མི་སྣའི་བོད་སྐྱོར་དང་ལག་རྩལ་བོད་སྐྱོར། སྨན་བཅོས་བོད་སྐྱོར། སློབ་གསོའི་བོད་སྐྱོར་སོགས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་བོད་སྐྱོར་རྣམ་པ་ཞིག་བཏོད་ཡོད། ཆབ་མདོའི་ས་ཆའི་ཐོག་བོད་སྐྱོར་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་པ་དང་། གང་སར་བོད་སྐྱོར་ལས་བྱེད་པའི་འབད་འཐབ་ཀྱི་རྐང་རྗེས་བཞག་ཡོད།

མཚམས་ལན་གྱི་བྱེད་སྒོའི་ནང་། ཁག་ཐེངས་དག་གི་བོད་སྐྱོར་ལས་བྱེད་པའི་འཐུས་མི་ཚོས་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ལ་རྟོག་ཞིབ་གནང་བ་རེད། ཁོང་ཚོ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ལ་ལྟ་སྐོར་གནང་བ་དང་། ཅིན་སྦོལ་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ཨ་དབང་ལུག་སྦྲུམ་རྟེན་ལྟེ་གནས་འཛུགས་སྐྲུན་ཇི་ལྟར་བྱས་ཚུལ་ཐད་ནས་ཤེས་རྟོགས་གནང་ཞིང་། ཐང་ག་ཚོན་རིས་དང་བོད་སྨན་ཐོན་སྐྱེད་བྱས་ཚུལ་ལ་བརྟག་ཞིབ་གནང་བ། པེ་ཅིང་གྲོང་གསར་འཛུགས་སྐྲུན་བྱས་ཚུལ་དང་ནུས་རྒྱུ་གཙང་མ་སོགས“ཚོགས་བསྒྲིགས་ཆུང་བའི”ལས་དོན་ལ་ལྟ་ཞིབ་གནང་བ་དང་། ཁ་རུབ་ཆུས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་དོན་སློབ་གསོ་ཁང་དང་། བྱམས་པ་གླིང་དགོན་པ། ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་བཅས་ལ་ལྟ་སྐོར་གནང་བ་རེད།

ཧྥུའུ་ཅན་ཞིང་ཆེན་གྱི་ཐེངས་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཁྲེན་ལིན་སི་ཡིས་“བོད་སྐྱོང་ཚར་ནས་ད་ལྟའི་བར་དུ་ལོ་ངོ 6 ལྷག་གི་མཚམས་འདིར་སླར་ཡང་ཆབ་མདོར་ཡོང་བར་ཧ་ཅང་དགའ་བའི་ཚོར་བ་ཞིག་སྐྱེས་ཤིང་། ས་གནས་སོ་སོར་ལྟ་སྐོར་དུ་སོང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་མཐོང་བྱུང་།ངས་ཆབ་མདོར་ཤིན་ཏུ་དགའ་ཞེས་བརྗོད།”

ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་ལིའུ་ཧན་ཡུས་ཀྱིས“ཉིན་ཤས་རིང་བྱ་ཡུལ་མང་པོ་ཞིག་ལ་བལྟས་པ་དང་སྐབས་དེ་དུས་ང་ཚོས་བསྒྲུབས་པའི་ལས་དོན་གྱིས་དེ་རིང་ད་དུང་ནུས་པ་ཐོན་བཞིན་ཡོད་པ་མཐོང་སྐབས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། བོད་སྐྱོར་ནི་ངའི་མི་ཚེ་གང་པོའི་གཟི་བརྗིད་ཅིག་ཡིན་ལ། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་མུ་མཐུད་ཆབ་མདོའི་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན”ཞེས་བཤད།

“ཆབ་མདོའི་དགོས་མཁོ་ལ་བོད་སྐྱོར་བྱེད་ནུས་ཅོག་པ་”ནི་ཆབ་མདོ་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འགྱུར་བ་མེད་པའི་དད་སེམས་ཤིག་རེད། ལོ་30ཡི་རིང་།ཆབ་མདོ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་སྔ་རྗེས་སུ་བོད་སྐྱོར་རྣམ་གྲངས་3127ལག་བསྟར་བྱས་ཤིང་།མ་འཇོག་དང་དངོས་ཟོག་སྒོར་དུང་ཕྱུར་140ཙམ་བཏང་བས་ཆབ་མདོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་དམངས་འཚོ་བདེ་སྐྱིད་ཆེས་ཆེར་ཕྱིན་ཡོད།བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་བརྟེན་ནས་བོད་ཤར་ས་གཞི་ཆེན་པོར་གཟེངས་སུ་ཐོན་པའི་ལན་འདེབས་པ་རེད།

ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་79ཡི་སེམས་ནང་ཁ་གཏད་ཆབ་སྐྱོར་གྱི་བརྩེ་སེམས་ཉ་ཡིས་ཆུའི་དྲིན་ཤེས་པར་ལྟར་ཟབ་མོ་བཅངས་ཡོད།

ཟླ8ཚེས5ཉིན་གྱི་དགོང་མོར། ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གླུ་གར་འཁྲབ་ཏེ།“རི་མཚོ་བརྒལ་བའི་མཛའ་གྲོགས། དཔུང་པ་སྦྲེལ་ནས་མ་འོངས་ལ་སྙེག”ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་བྱས་ནས་ལོ་ངོ30འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་ཡོད།

འཁྲབ་སྟོན་ཆ་ཚང《གངས་ལྗོངས་གྱི་སེམས་པ། རི་ཆུ་ཡི་བརྩེ་བ》ཞེས་པ་དང་།《རི་ཆུའི་མཛའ་གྲོགས། ཁྱོད་ཉིད་བྱུང་བས་དགའ་བ》《ཕུགས་འདུན་གྱི་གསེར་ཟམ། མ་འོངས་མཉམ་དུ་གཏོད》ཅེས་པ་སོགས་ལེའུ་གསུམ་ལས་གྲུབ་པ་དང་། ཞབས་བྲོ་དང་གླུ་གཞས། རོལ་ཆ་དཀྲོལ་གཏོང་སོགས་ཆབ་མདོའི་རིག་གནས་ཀྱི་ཁྱད་ཡོན་མངའ་བའི་ལེ་ཚན་གཅིག་མཇུག་གཉིས་མཐུད་ངང་འཁྲབ་སྟོན་བྱས་ཡོད།

ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། རིམ་པ་དང་པོའི་བརྟག་ཞིབ་པ་ཧོང་ཧྥེ་ཡིས། “རིམ་བྱུང་ཁག་ཐེངས་ཀྱི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་ངོ་བཅར་འཐུས་མི་རྣམས་ཀྱིས་རོགས་སྐྱོར་ཐོབ་པའི་ལས་ཁུངས་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་། ས་གནས་ས་ཐོག་ཏུ་ལྟ་སྐོར་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཆབ་མདོ་ནས་ལོ་ངོ 30 རིང་གི་འགྱུར་ལྡོག་ཆེན་པོ་ཚོར་ཐུབ་པ་བྱུང་ཡོད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་ཆབ་མདོའི་ལས་བྱེད་པ།མང་ཚོགས་དབར་གྱི་མཛའ་གྲོགས་ཟབ་མོ་ཟབ་ཏུ་ཕྱིན་ནས་སྔོན་དཔག་གི་དམིགས་ཚད་ལ་སླེབས་ཡོད། གོམ་སྟབས་རྗེས་མར། ང་ཚོས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ30འཁོར་བ་གོ་སྐབས་སུ་བྱས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་ཐེངས་གཉིས་པའི་དབར་འབྲེལ་གཏུག་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་ཡིན་ཞེས་བཤད།

ལོ་30ཡི་རིང་།བོད་སྐྱོར་ལས་བྱེད་པ་དང་ཆབ་མདོའི་མི་དམངས་མཉམ་དུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཡོད། ད་ལྟའི་ཆབ་མདོ་རུ་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བྱུང་མྱོང་མེད་པ་དང་།འཕེལ་རྒྱས་ཀྱི་གོ་སྐབས་སྔར་བྱུང་མྱོང་མེད།འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་བྱུང་མྱོང་མེད།ལེ་དབར་སྟོང་ཕྲག་གི་བར་ཐག་ཡོད་པའི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།ཁེ་ལས་བཅས་དང་རི་མཚོ་བརྒལ་བའི་མཛའ་གྲོགས་ཟབ་མོ་མུ་མཐུད་འབྲི་བཞིན་ཡོད།