国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月30日

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》

(ཚགས་པར་གོང་མར་མཐུད)

(གཅིག)གཏན་འབེབས་ལྟར་ཡིག་སྐུར་ངོ་བཅར་གྱི་དོན་དག་བདག་སྤྲོད་དང་སྒྲུབ་གཉེར་མ་བྱས་པ།

(གཉིས)གཞི་ཁྱོན་རང་བཞིན་གྱི་མཉམ་སྡེབ་ངོ་བཅར་སོགས་ཐག་གཅོད་ནུས་ལྡན་མ་བྱུང་བས་གནས་ཚུལ་རྒྱ་ཆེ་རུ་སོང་བ།

(གསུམ)ཏང་ཨུད་དང་སྲིད་གཞུང་གི་ཡིག་སྐུར་ངོ་བཅར་སྡེ་ཁག་གིས་བཏོན་པའི་ལས་ཀ་ལེགས་བཅོས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་སོགས་ཀྱི་གྲོས་འགོར་མཐོང་ཆེན་བྱ་རྒྱུ་མ་འདང་བ་དང་དོན་འཁྱོལ་ནུས་ལྡན་མ་བྱས་པས། གནད་དོན་ཡུན་རིང་ཐག་གཅོད་མི་ཐུབ་པར་གྱུར་པ།

(བཞི)ཡིག་སྐུར་ངོ་བཅར་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་པར་མ་བསྒྲུབས་པའི་བྱ་སྤྱོད་གཞན་དག

འགན་འཁྲི་མ་བསྒྲུབས་པའམ་ཡང་དག་པར་མ་བསྒྲུབས་པའི་དབང་གིས་ཡིག་སྐུར་ངོ་བཅར་དོན་དག་བྱུང་བ་དང་། ཤུགས་རྐྱེན་ངན་པའམ་ཡང་ན་ངན་འབྲས་ཚབས་ཆེན་བཟོས་རིགས། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་བརྒྱ་དང་སོ་དྲུག་པ། ཏང་རྩ་འཛུགས་ལ་གཤམ་གསལ་བྱ་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག)ཏང་ཡོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བྱེད་རིང་། རང་དགར་གཞུང་དོན་དུ་འགྲོ་བ་དང་། རྒྱལ་ཁབ(མངའ་ཁོངས)ཕྱི་རུ་འགྲོ་བ། ལས་ཁུར་རྩ་དགོངས་ཞུ་བ་བཅས་ཀྱི་ཆོག་མཆན་བཀོད་པའམ་ཡང་ན་དེར་སྤེལ་རེས་བྱེད་པ་དང་། གོ་གནས་སྤར་བ། འགན་རིམ་སྤར་བ། བེད་སྤྱོད་སྔར་ལས་ལྷག་པ་བྱས་པ་དང་བྱ་དགའ་སྤྲོད་པའམ། ཡང་ན་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་བ།

(གཉིས)ཏང་ཡོན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱས་རྗེས། གཏན་འབེབས་གཞིར་བཟུང་དེར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་མ་བཅད་པ་དང་། ཡང་ན་ཏང་ཡོན་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་སྤེལ་རིགས་ལ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་ཀྱང་མ་བཅད་པ།

(གསུམ)ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་ཐག་བཅད་པའམ་ཡང་ན་བསྐྱར་བཤེར་ཞུ་འབུལ་བྱ་རྒྱུའི་ཐག་གཅོད་བྱས་རྗེས། ཐག་བཅད་པའི་ནང་གི་ཆད་པ་ཕོག་མཁན་གྱི་ཏང་གི་སྐྱིད་སྡུག་དང་། གོ་གནས། འགན་རིམ། ཐོབ་ཐང་སོགས་སྐོར་གྱི་དོན་དག་གཏན་འབེབས་གཞིར་བཟུང་དོན་འཁྱོལ་མ་བྱས་པ།

(བཞི)ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་རྗེས། དེར་ལས་བྱེད་པའི་དོ་དམ་དབང་ཚད་དང་རྩ་འཛུགས་ཀྱི་འབྲེལ་བ་གཞིར་བཟུང་ཆད་པ་ཕོག་མཁན་ཏང་ཡོན་ལ་རྒྱུན་ལྡན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ཀྱི་ལས་དོན་མ་སྤེལ་བ།

དོན་ཚན་བརྒྱ་དང་སོ་བདུན་པ། འགན་འཁྲི་བདའ་འདེད་གང་བྱུང་དུ་བྱེད་པའམ་ཡང་ན་འགན་འཁྲི་བདའ་འདེད་ལས་དོན་ཁྲོད་འགན་འཁྲི་མ་འཁུར་བའི་གནད་དོན་ཚབས་ཆེ་བའི་དབང་གིས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་བརྒྱད་པ། ལས་ཀར་འགན་མ་འཁུར་བའི་རྐྱེན་གྱིས་དོ་དམ་བྱ་ཡུལ་གྱི་མི་སྣ་ངོ་ལོག་བྲོས་བྱོལ་དུ་སོང་བའི་རིགས། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

ལས་ཀར་འགན་མ་འཁུར་བའི་རྐྱེན་གྱིས་དོ་དམ་བྱ་ཡུལ་གྱི་མི་སྣ་བྲོས་བྱོལ་སོང་བ་དང་ཕྱིར་ཐོན་པའི་རིགས། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་དགུ་པ། བསྡོམས་རྩིས་རྫུན་མ་བཟོས་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས། ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ། (མུ་འགོད)