འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས25ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་སྣེ་ཁྲིད་དེ་གྲོང་ཁྱེར་གྱི་ཞིང་ཞོར་ཐོན་རྫས་དང་དེ་བཞིན་གྲང་ཕྲེང་མཛོད་ཉར་ཕྱོགས་བསྡུས་སྡེབ་ཚོང་ཁྲོམ་ར། ཏ་རོན་ཧྥ་སྒོ་རྩིས་ཚོང་ཁང་དང་དམངས་བདེ་སྨན་ཁང་སོགས་སུ་ལྟ་སྐོར་ཕེབས་པ་དང་།ཚོང་པའི་ཁྲོམ་རའི་གཉེར་སྐྱོང་གནས་ཚུལ་འདྲི་རྩད་བྱས་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་བསམ་འཆར་དང་གྲོས་འགོ་ཉན་ནས་ས་གནས་ས་ཐོག་ཏུ་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་བརྟག་ཞིབ་ནང་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་དང་ཐོག་གྲོང་ཁྱེར་གྱི་ཞིང་ཞོར་ཐོན་རྫས་དང་གྲང་ཕྲེང་མཛོད་ཉར་ཕྱོགས་བསྡུས་སྡེབ་ཚོང་ཁྲོམ་རར་ཕེབས་ནས་སྔ་རྗེས་སུ་བོད་ལྗོངས་ཉིང་ཁྲང་ཧྥེང་ཚོང་དོན་དང་ཏིང་ཤིའུ་ཚོང་དོན་སོགས་སུ་ལྟ་སྐོར་ཕེབས་པ་དང་།ཚོང་ཟོག་འཐེན་ཐབས་དང་བོགས་དངུལ་མ་རྩ། ཚོང་གི་གནས་ཚུལ་སོགས་ཤེས་རྟོགས་ཞིབ་ཕྲ་གནང་ནས།གྲོང་ཁྱེར་གྱི་ཚོང་དོན་དང་མེ་ཟོན། ཁ་རུབ་ཆུས་སོགས་འབྲེལ་ཡོད་ཚན་པར་ཁྲོམ་རའི་ཆ་འཕྲིན་དུས་ཐོག་ཏུ་བསྡུ་རུབ་དང་གསར་བསྒྱུར་བྱེད་པ་དང་། དཀའ་ངལ་ཡོད་པའི་ཚོང་དུད་ཀྱི་ཞིབ་ཕྲའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཁྲོམ་ར་ཆེན་པོ་ཞིག་ཧུར་ཐག་བསྐྲུན་ནས་ཁྲོམ་ར་ཁག་དབར་དྲང་གཞག་ཐོག་ནས་འགྲན་རྩོད་ཆོག་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
དམངས་བདེ་སྨན་ཁང་དང་བྱམས་སྐྱོང་སྨན་རྫས་ཚོང་ཁང་དུ།ལའོ་ཆིན་འུའུ་ཡིས་དམངས་བདེ་སྨན་ཁང་དང་སིལ་ཚོང་སྨན་རྫས་འཚོང་མཁན་ཁེ་ལས་ནི་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ།
རང་རྟོགས་ངང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གི་གཞི་ཐིག་བརྟན་པོར་བསྲུང་དགོས་པ་དང་། ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གང་མགྱོགས་འདོན་དགོས། དམངས་བདེ་སྨན་ཁང་གི་སྨན་པ་ཚོས་ལས་རིགས་བརྟན་ལྷིང་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་འགན་སྲུང་བྱེད་དགོས་ལ། གསར་འགྱུར་དྲིལ་བསྒྲགས་སྡེ་ཁག་གིས་ཐབས་ལམ་མང་པོའི་ཐོག་ནས་སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་སུ་ཐོན་པའི་སྔོན་ཐོན་དཔེ་མཚོན་སྔོག་འདོན་ཡག་པོ་བྱས་ཏེ། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སྒྱུར་བྱ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་བླང་བྱ་བཏོན་ཡོད།
གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་དང་ཏ་རོན་ཧྥ་སྒོ་རྩིས་ཚོང་ཁང་དུ། ལའོ་ཆིན་འུའུ་ཡིས་ཚོང་རྒྱག་མཁན་ཚོས་ཚོང་རར་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། ཚོང་རྫས་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་བ། ཚོང་གཉེར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འཛད་སྤྱོད་པ་སོ་སོའི་དགོས་འདོད་བསྐང་དགོས་པ་དང་། དུས་མཚུངས་སུ་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་། དམངས་ལ་ཕན་པ། ཚོང་ཟོག་སིལ་འཚོང་གི་རིན་གོང་བརྟན་པོའི་ངང་ཆག་རྒྱུར་སྐུལ་འདེད་བཏང་ནས། མི་སེར་གྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་ཆེར་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།
བརྟག་ཞིབ་བྱེད་རིང་། ལའོ་ཆིན་འུའུ་ཡིས་ཞིང་ཞོར་ཐོན་རྫས་ཁྲོམ་ར་སོགས་གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་ཟོག་གོང་སྙོམས་སྒྲིག་དང་འགྲན་རྩོད་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་དྲང་ཕྱོགས་ཀྱི་ནུས་པ་འདོན་དགོས་པ་དང་། ཇ་རྟ་གྲོང་གི་ཚོང་དུད་ཀྱིས་བཏོན་པའི་མེ་ཟོན་གྱི་གནད་དོན་ལ་དམིགས་ནས་ཁོང་གིས་མེ་ཟོན་འཕྲལ་སྡོམ་སྡེ་ཚན་ལ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འབྱུང་རྩ་ནས་དོ་དམ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། དུས་བཀག་ནང་བདེ་འཇགས་ཀྱི་རྐྱེན་ངན་བཅོས་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་མཐའ་འཁོར་གྱི་ཚོང་དུད་དང་འཛད་སྤྱོད་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།