ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱིས་ཆུ་ལོག་གི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་འབྲུག་འགོག་ཉེན་སེལ་གྱི་དམག་གྲབས་སྐུལ་ཁྲིད་སྒྲིག་འཛུགས་ནན་པོ་བྱས་ནས་དཔུང་སྡེ“མདའ་རྒྱུད་ཐོག་བརྒྱབ་སྟེ་དམག་སྒུག”གི་དམག་གྲབས་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་ནས། ད་ཐེངས་ཚན་པ་ཁག་གི་སྣང་ཚུལ་མགྱོགས་མྱུར་དང་། རྩ་འཛུགས་ནན་པོ། གོ་རིམ་ཚད་ལྡན་བཅས་ལ་སྐུལ་ཁྲིད་བྱས་པས་བཀོད་འཐབ་པ་ཡོངས་ཀྱི་སྙིང་སྟོབས་འཕེལ་ནས་སྔོན་དཔག་གི་དམིགས་ཡུལ་འགྲུབ་པ་རེད།