国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月30日

ལའོ་ཆིང་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

ཟླ་7ཚེས་25ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིང་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལས་དོན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། 《ཏང་ཨུད་(ཏང་ཙུའུ་)རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཆེད་དོན་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བརྡ་ཐོ་》དང་《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལག་བསྟར་རྩ་གནད་(2021—2025)》ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོའི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ཁྲིམས་སྐྱོང་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། ཁྲིམས་སྐྱོང་སྟོབས་ལྡན་བྱུང་ན་རྒྱལ་ཁབ་སྟོབས་ལྡན་ཡོང་བ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་གྲོང་ཨུད་ཀྱི“22445”སྤྱིའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་ནན་པོ་བྱས་ཏེ། ཁྲིམས་བསྟར་སྒྲིག་སྲོལ་གསར་གཏོད་དང་ཁྲིམས་བསྟར་གོ་རིམ་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་ཁྲིམས་བསྟར་སྐུལ་འདེད། ཁྲིམས་བསྟར་འགན་འཁྲི་ནན་པོ་བཅས་བྱས་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས། རྫོང་(ཆུས་)སྲིད་གཞུང་གིས“ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོ”དམ་འཛིན་བྱ་གཞིར་འཛིན་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཤུགས་རྒྱག་སར་བརྩིས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྲིམས་བསྟར་ནན་པོ་དང་སྤྱོད་གཙང་ཡིད་རྟོན། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད།

ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཁྲིམས་བསྟར་དྲང་གཞག་ནན་པོ། “ལོ་ལྔ་ཚན་བརྒྱད་པའི་”བཅའ་ཁྲིམས་ཁྱབ་གདལ་ལག་བསྟར་ཤུགས་ཆེན་བཅས་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། འཆར་འགོད་སྔོན་ལ་སྤེལ་བ་མཐའ་འཁྱོངས་དང་། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་གཏིང་ཟབ་བྱས་ཏེ། “ལྟེ་བའི་ཡན་ལག་གྲོང་ཁྱེར་”འཛུགས་སྐྲུན་གྱི་ཁྲིམས་སྐྱོང་འགན་སྲུང་འཐུས་ཚང་དུ་གཏོང་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་མཛུབ་སྟོན་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། “ཁོར་ཡུག་བཅོས་སྐྱོང་ལོའི་”བྱ་སྤྱོད་ནན་ཏན་སྤེལ་བ་དང་། ཡིག་འདུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་དང་སྤྱོད་བཟང་གཉིས་ཀ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲིད་འཛིན་ཁྲིམས་བསྟར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དམ་འཛིན་དངོས་སྒྲུབ་མཐའ་འཁྱོངས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཚོགས་འདུའི་ཐོག་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཁོངས་མི་ཕུའུ་ཡུས་ཧུའེ་དང་། ཉི་མ་ཚེ་རིང་། ཞེ་ཝུན་ཀོང་སོགས་བློ་མཐུན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་སྤེལ་རེས་ཀྱི་གཏམ་བཤད་གནང་བ་རེད། གྲོང་ཁྱེར་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བ་ཧོ་དབྱིན་ཧྥུས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ལྟེ་བའི་དོན་སྙིང་གསལ་འགྲེལ་》ཞེས་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད། གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་དང་། གྲོང་ཁྱེར་སྤྱི་བདེ་ཅུད། གྲོང་ཁྱེར་ཁྲིམས་འཛིན་ཅུད་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།