国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月30日

ལའོ་ཆིང་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་26ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིང་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་《བདེན་འཚོལ》དུས་དེབ་ཐོག་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གལ་ཆེན་བཀོད་པར་སློབ་སྦྱོང་བྱས་ཏེ་རང་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《<ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས>སྐོར་གྱི་གསལ་བཤད》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་ཀྲུང་གུང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན།《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་བཏོད་པ》《ཀྲུང་གོའི་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་》དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོའི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས་སྲིད་གཞུང་གི་རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱིས་སྔར་བས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ། སྔར་བས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སྟོབས་ཆེན་ཞིག་ཏུ་བསྒྱུར་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་གང་ཐུབ་བྱས་ཏེ། བསྒྱུར་བཅོས་ཀྱི་བསམ་གཞིགས་དང་བསྒྱུར་བཅོས་བྱེད་ཐབས་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་སེལ་བ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་དགོས། ལྟེ་བའི་ལས་དོན་ལ་དམིགས་ཏེ་ཕྱི་ཕྱོགས་སྒོ་འབྱེད་དང་།ཚོང་གཉེར་ཁོར་ཡུག སྣོད་བཅུད་ཁྱབ་ཁོངས། ཞིང་ལས་དང་གྲོང་གསེབ། སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆབ་མདོར་རྩ་བ་ཚུགས་པ་དང་འབྲས་བུ་བཞད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་དང་།“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ།རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་དོན་དངོས་ཁག་21རང་འགུལ་ངང་ལེགས་སྒྲུབ་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བའི་“བྱེད་ཐབས་བཙན་པོ་བཅུའི་”རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཏེ།སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྐུལ་སྤེལ་འཆར་གཞི་དང་གཞི་རིམ་འཚར་ལོངས་འཆར་གཞི་ལག་ལེན་བསྟར་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཚད་ལྡན་ཅན་འཛུགས་སྐྲུན་དང་སྒྲིག་ཆས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《བདེན་འཚོལ》དུས་དེབ་ཐོག་སྤེལ་བའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གལ་ཆེན་དེས་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། སྲིད་གཞུང་རིམ་ཁག་ཏང་ཨུད(ཏང་ཙུའི)ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོའི་བྱ་བ་དངོས་ཏན་ཏིག་བསྒྲུབ་པ།གྲོས་འགོ་དང་གྲོས་ཆོད་ཆེ་བའི་སྒོ་ནས་སྒྲུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།