国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月30日

ཁྲུང་ཆིང་གིས།

“འགན་ལེན་བཞི་ཡི་དམིགས་འབེན”གྱི་ལས་ཞུགས་བོད་སྐྱོར་དེ་བས་རྒྱུན་མཐུད་དང་དེ་བས་ལེགས་པ་དེ་བས་སྤུས་ཚད་མཐོ་བ་བཅས་ལ་སྐུལ་འདེད་བཏང་བ།

མཛོ་སྒང་རྫོང་ནས་ཡིན་པའི་རིན་རྒྱལ་ནོར་བུས་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཅུས་སུ་ལས་ཀ་བྱེད་བཞིན་ཡོད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ལས་ཞུགས་ནི་དམངས་འཚོའི་འདུ་འགོད་ཆེ་ཤོས་ཡིན”ཞེས་བསྟན་པ་ལྟར། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་རྣམས་ལས་ཞུགས་སྔར་ལས་ལེགས་པ་དང་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་བོད་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ས་ཁུལ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད།

ཁྲུང་ཆིང་གྲོང་ཁྱེར་གྱིས་ཆབ་མདོ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་དེ་

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བཞུགས་མོལ་ཚོགས་འདུ་ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“ཡིད་ཆེས་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐོབ་པ་བཅས་ཀྱི་ཚད་མཐོའི་ཇུས་འགོད་ལ་བརྟེན་ནས་ལས་ཞུགས་བོད་སྐྱོར་ལས་དོན་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།

ཁྲུང་ཆིང་གྲོང་ཁྱེར་རིམ་པའི་སྡེ་ཚན་ཁག་གིས་སྐུལ་འདེད་ཧུར་ཐག་དང་། གནད་སྨིན་ཐབས་ཇུས་ལག་བསྟར། འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་མིག་སྔའི་བར་ཐེམ་ཁུངས་བོད་ནས་ཡིན་པའི་ངལ་རྩོལ་པ་5416ཁྲུང་ཆིང་དུ་ལས་ཞུགས་འགན་བཅོལ་ནང་ཞུགས་པ་དང་། དེའི་ནང“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་ཁྲུང་ཆིང་དུ་ལས་ཞུགས་འགན་བཅོལ་ནང་ཞུགས་མཁན་1909གསར་དུ་འཕར་ནས་ས་གནས་གཉིས་ཀྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རྩ་འཛུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་བོད་སྐྱོར་སྔར་བས་རྒྱུན་མཐུད་ཐུབ་པའི་སྐུལ་འདེད་གཏོང་དགོས། “1+4+N”ལས་ཞུགས་བོད་སྐྱོར་ལས་དོན་གྱི་རྣམ་པ་ཆགས་པ་དང་། ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གིས་ལས་བགོས་དོ་དམ་འགོ་ཁྲིད་ཀྱིས་དུས་བཀག་ལྟར་ཞིབ་འཇུག་བྱེད་པ།ཁྲུང་ཆིང་གྲོང་ཁྱེར་མི་ཤུགས་སྤྱི་ཚོགས་འགན་སྲུང་དང་། བོད་སྐྱོར་གཞུང་དོན་ཁང་། རྩ་འཛུགས། རྒྱལ་དབང་མ་རྩ། ཆུས་རྫོང་སོགས་ཀྱིས་རང་འགན་རང་སྒྲུབ་དང་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་རྣམ་པ་ཆགས་པ་བྱེད་པ། འགན་ནུས་དང་འགན་འཁྲི་ཁ་གསལ་བཟོ་པ། གནད་སྨིན་སྲིད་ཇུས་མཁོ་སྤྲོད་བྱ་དགོས། འདུ་ཤེས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གནས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲུང་ཆིང་དུ་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། “གཞུང་ཞབས་ལས་གནས་ཀྱི་ཁྲིད་སྟོན་དང་ཁེ་ལས་ལས་གནས་ཀྱི་གཙོ་གཞིའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། རྩ་མང་ཐད་ནས་ཆབ་མདོ་ནས་ཡིན་པའི་སློབ་ཐོན་སློབ་མ་ཁྲུང་ཆིང་དུ་ལས་ཞུགས་དང་གཞིས་ཆགས་ཡོང་བའི་ཡིད་དབང་བཀུག་ཡོད། འཆར་གཞིའི་ནང་གི་ལས་གནས་འཇོག་ཚད་མཐོ་རུ་གཏོང་བ་དང་། འཆར་གཞི་ཕུད་པའི་ལས་གནས་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་ཡོད། ཚོང་ར་ཅན་གྱི་ལས་གནས་གསར་སྤེལ་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་དགོས། གནད་སྨིན་སྙོམ་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཁྲུང་ཆིང་དུ་ལས་ཞུགས་སྤུས་ཚད་སྔར་ལས་མཐོ་བར་སྐུལ་འདེད་གཏོང་དགོས། གནད་སྨིན་ཁྲིད་སྟོན་མཐའ་འཁྱོངས་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱོད་པ་དང་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་གནས་སྙོམ་སྒྲིག་བྱེད་ཚད་མཐོ་རུ་བཏང་ནས་ལས་ཞུགས་བོད་སྐྱོར་སྤུས་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཆ་འཕྲིན་ཅན་ལ་བརྟེན་ནས་གནད་ལ་འཁེལ་བའི་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། ལས་གཏོད་གསོ་སྐྱོང་ལ་བརྟེན་ནས་ཚོགས་པ་སྒྲིག་འཛུགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས། ལག་རྩལ་བཟོ་པའི་སློབ་གསོར་བརྟེན་ནས་རྩལ་ནུས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཁྲུང་ཆིང་དུ་ལས་ཞུགས་བྱེད་པར་ཡོང་བ་དེ་བས་བློ་བདེ་བར་འགན་ལེན་བྱེད་དགོས། “གཅེས་སེམས་+ནུས་སྤྲོད”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་དང“ཚོགས་སྒྲིག་ཚོགས་ཆུང་”ལས་ཞུགས་རྟེན་གཞིར་བརྟེན་ནས་ཁྲུང་ཆིང་དུ་ལས་ཞུགས་མི་སྣའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གཅིག་ནི་སྲིད་ཇུས་ཀྱི་ཟུར་ཁྲིད་ཡག་པོ་བྱེད་དགོས། གཉིས་ནི་རྗེས་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱ་དགོས། གསུམ་ནི་དུས་བཀག་ལྟར་འཚམས་འདྲི་བྱེད་དགོས།