ཉེ་དུས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས་སྒྲུབ་མཆོད་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དེའི་ཁྲོད། མི་400ལྷག་ཙམ་གྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་པའི་གླིང་བྲོ་མཉམ་དུ་འཁྲབ་སྟོན་བྱས་པ་རེད། བརྗིད་ཆགས་ལྡན་པའི་འཁྲབ་སྟོན་དེས་འཁྲབ་མི་མང་ཤོས་ཟིན་པའི་གླིང་བྲོའི་འཁྲབ་སྟོན་གྱི་འཛམ་གླིང་ཟིན་ཐོ་བཏོད་པ་རེད།