འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དང་རིག་གནས་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་གྱི“འཆལ་རྡུང་ལོག་སེལ”ལས་དོན་གྱི་བཅོས་སྐྱོང་ནུས་པ་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། ཟླ7ཚེས23ཉིན་གྱི་སྔ་དྲོ། རང་གྲོང་ཁྱེར་གྱི2024ལོའི“འཆལ་རྡུང་ལོག་སེལ”དང་མཉེན་ཆས་ཚད་ལྡན་ལས་སྒོའི་སྦྱོང་བརྡར་འཛིན་གྲྭ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་སྦྱོང་བརྡར་ནང་། “འཆལ་སེལ་ལོག་རྡུང”ལས་དོན་དང་མཉེན་ཆས་ཚད་ལྡན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ཁྲིད་སྟོན། དུས་བབ་དབྱེ་ཞིབ། གྱོད་དོན་དབྱེ་ཞིབ། ཁྲིམས་འཛིན་ཐབས་རྩལ་སོགས་ཕྱོགས་མང་པོ་ཚུད་ཡོད་པས་སློབ་མ་ཚོས“འཆལ་སེལ་ལོག་རྡུང”དང་མཉེན་ཆས་ཚད་ལྡན་གྱི་འབྲེལ་ཡོད་ཤེས་བྱ་དང་རྩལ་ནུས་སྒོ་ཀུན་ནས་ཤེས་རྟོགས་དང་ཁོང་དུ་ཆུད་ཐུབ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྦྱོང་བརྡར་འདི་ཚེས25ཉིན་བར་སྤེལ་རྒྱུ་ཡིན་པ་དང་རྫོང་ཆུས11གི“འཆལ་སེལ་ལོག་རྡུང”ལས་སྒོའི་རྐང་འཛིན་དང་། གྲོང་ཁྱེར“འཆལ་སེལ་ལོག་རྡུང”ལས་ཀའི་ལམ་སྲོལ་གྱི་འབྲེལ་ཡོད་ཁོངས་གཏོགས་ཚན་པའི་འབྲེལ་ཡོད་མི་སྣ་དང་དེ་བཞིན་གྲོང་ཁྱེར“འཆལ་སེལ་ལོག་རྡུང”གཞུང་ལས་ཁང་གི་ལས་དོན་མི་སྣ་ཡོངས་བཅས་ཁྱོན་བསྡོམས་མི50ལྷག་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།