国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月26日

གྲོང་ཁྱེར་ཡོངས་ཀྱི་2024ལོའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤོམ་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་22ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ལིས་པིན་གྱིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤོམ་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག2024ལོའི་རང་གྲོང་ཁྱེར་གྱི“ཏང་འཛུགས་སྲ་བརྟན་ལོའི”ལོ་སྟོད་ཀྱི་ལས་དོན་འཕེལ་རིམ་བརྡ་ཁྱབ་བཏང་བ་དང་། ཚོགས་ཞུགས་མི་སྣའི་སྤེལ་རེས་གཏམ་བཤད་གསན་པ་རེད།

ལིས་པིན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་གནད་དོན་རྟོགས་མཁས་པོ་དང་།གནད་དོན་ལ་དབྱེ་ཞིབ་ཡང་དག་པ། རང་འགུལ་ངང་བརྗོད་གཞི་འདོན་པ་དང་གནད་དོན་ཐག་གཅོད་བྱེད་པ། གནད་དོན་ཐག་གཅོད་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་ནས།གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། གསར་གཏོད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་།སློབ་སྦྱོང་ཁྲོད་བསམ་བློ་བཅིངས་འགྲོལ་གཏོང་བ།ལག་ལེན་ཁྲོད་འདུ་ཤེས་བསྒྱུར་བ།གསར་གཏོད་བརྩོན་ལེན་བྱེད་ཕོད་པ།འགྱུར་ལྡོག་གསར་པ་བརྩོན་ལེན་བཅས་བྱས་ནས།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་ཀར་དམ་འཛིན་དང་། ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན། གྲོང་ཚོའི(སྡེ་ཁུལ་)ལས་བྱེད་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་པ། སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ།“ཏང་འཛུགས་སྐྱོང་ལོའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་ཕྱི་དྲོར་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྦྱོང་བརྡར་ཚོགས་འདུ་འཚོགས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། རིག་གཞུང་གི་ཆུ་ཚད། ལས་སྒོའི་ནུས་པ་བཅས་སྔར་བས་མཐོ་རུ་གཏོང་བ་རེད།