国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月26日

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་རྫོང་ཁོངས་ཀྱི་ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཨར་ལས་བྱ་ཡུལ་དོངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་འཚོ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པས།ཉེ་བའི་ལོ་ཤས་རིང་གོ་འཇོ་རྫོང་གིས་རྫོང་ཁོངས་ཀྱི་ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་ཆུ་འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་ལས་གྲྭའི་མ་ལག་ལེགས་སུ་བཏང་ཅིང་།གོ་འཇོ་རྫོང་གིས་ཆུ་བེད་འཛུགས་སྐྲུན་གྱི་དུས་སྐབས་ཡག་ཤོས་དམ་འཛིན་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་ཁྱོན་ཡོངས་ནས་མྱུར་ཚད་མགྱོགས་སུ་བཏང་ནས་ཝ་ཆུ་རྩེ་པ་ཤང་རྣམས་རི་གྲོང་ཚོའི་ཆུ་ལམ་དུམ་བུར་བཅོས་སྐྱོང་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

ལས་གྲྭ་དེའི་ཕྱོགས་བསྡུས་བཅོས་སྐྱོང་རིང་ཚད་སྟོང་སྨི་10ཡོད་པ་དང་གཙོ་གནད་དུ་ཝ་ཆུ་འགྲམ་གྱི་དཔའ་ལ་འབྲོག་པའི་གྲོང་ཚོ་དང་རྣམས་རི་གྲོང་ཚོ།ཧ་ཁྲི་གྲོང་ཚོ།ཝ་སྟོད་གྲོང་ཚོ།ག་ཟི་གྲོང་ཚོ་བཅས་ཀྱི་ཆུ་བོའི་དུམ་བུ་ལ་དམིགས་ནས་ཆུ་རགས་གསར་དུ་བསྐྲུན་པ་སོགས་དང་།ཆུ་འགྲམ་གྱི་འགྲོ་ས་སྐས་10དང་།ཞོད་འབུད་སྦུ་གུ་5བྱེ་འགོག་གྱང་8མི་བགྲོད་ཟམ་པ་2བཅས་གསར་སྐྲུན་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཨར་ལས་བྱེད་ཡུལ་ཧ་ཁྲི་གྲོང་ཚོ་དང་ག་ཟི་གྲོང་ཚོ།ད་དུང་དཔའ་ལ་འབྲོག་པའི་གྲོང་ཚོ་བཅས་ཡོད་པས། མིག་སྔར་ལེགས་གྲུབ་ཟིན་པའི་ལས་གྲྭའི་གྲངས་འབོར་སྨི་5000ཡོད་པའི་གྱང་བསྐྲུན་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་10པའི་ཟླ་དཀྱིལ་དུ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད། ལས་གྲྭར་ལེགས་གྲུབ་བྱུང་རྗེས། ཆུའི་འགྲོ་ལམ་གྱི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་འགོག་པའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོས། ངོགས་གཉིས་ཀྱི་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་རྒྱུ་དང་དུས་མཚུངས་ས་ཆུ་ཤོར་བར་སྔོན་འགོག་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།