འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་24ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིང་འུའུ་་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་ཚད་འཛིན་སེམས་དང་ཉེན་ཟོན་གྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་འགན་ལེན་མཁོ་འདོན་བྱས་པ་རེད ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། 《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་།《ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་སྔོན་ཇུས་དོ་དམ་བྱ་ཐབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་འགན་འཁྲིའི་གཏན་འབེབས། 《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་འབྲེལ་ཡོད་གསུང་བཤད་དང་བཀོད་སྒྲིག་གི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཚོགས་འདུའི་ཐོག་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་ཆད་སྐྱོན་དང་ཞན་ཆ་ལ་དམིགས་ཏེ་ཐོག་མཐའ་བར་གསུམ་དུ“གོང་དུ་བཀུར་བ་གཉིས”དེ་རྩ་བའི་བསྲུང་བྱར་བརྩིས་ནས་བདེ་འཇགས་གནད་དོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི“མཚན་སྲུང་པ”ཡག་པོ་བྱས་ནས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་ཏན་ཏིག་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད། ཐོན་སྐྱེད་བདེ་འཇགས་ལ་དམིགས་ནས་ཨར་ལས་དང་། གཞུང་ལམ་འགྲིམ་འགྲུལ། རྡོ་སོལ་གཏེར་ཁ་མིན་པའི་རི་ཁ། མེ་གསོད་མེ་འགོག་། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་པ་དང་། ཉེན་ཡོད་རྫས་འགྱུར་དངོས་རྫས་དང་། ཚོང་དོན། དམིགས་བསལ་སྒྲིག་ཆས། བཟའ་བཅའ། སློབ་གྲྭའི་བདེ་འཇགས་སོགས་ཁྱབ་ཁོངས་གཞན་དག་གི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་པར་སྔོན་འགོག་ནུས་ལྡན་བྱེད་དགོས།
ཚོགས་འདུའི་ཐོག་རང་བྱུང་གནོད་འཚེ་མངོན་གསལ་དོད་དུ་བཏང་ནས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་བདེ་འཇགས་དམ་འཛིན་བྱེད་དགོས་པའི་ནན་བཤད་བྱས་ཡོད། “འབྲུབ་འགོག་དང་ཐན་པ་ཆེན་པོ་འགོག་པའི”བསམ་བློ་བརྟན་པོར་བཙུགས་ནས“གྲལ་བཤེར་ཁག་དྲུག་”བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲུབ་འགོག་ཐན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་ས་ཁོངས་དང་སྐྲུན་བཞིན་པའི་ལས་གྲྭ་གལ་ཆེན་ལ་དོ་སྣང་ནན་པོ་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ས་གཤིས་གནོད་འཚེ་སྔོན་འགོག་ཡག་པོ་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱས་ཏེ་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཡག་པོ་བྱེད་དགོས། “ནགས་ཚལ་འགོ་འཛིན་ལམ་ལུགས”ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་རྒྱུན་གཏན་ཅན་ཡག་པོ་བཏང་སྟེ་ས་ཡོམ་འཕྲལ་སྡོམ་དང་ལེན་མགྱོགས་མྱུར་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དང་ལེན་ཕྱོགས་བསྡུས་ཁ་གཏད་གཅོག་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས་“བདེ་འཇགས་ཐོན་སྐྱེད་དང་རྩ་བཅོས་འགག་སྒྲོལ་”གྱི་ལོ་གསུམ་བྱ་སྤྱོད་དང་། གློག་སྒུལ་རྐང་འཁོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྦྲེལ་ཐག་ཧྲིལ་པོ་བཅོས་སྒྲིག་བྱ་སྤྱོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སོགས་དམ་འཛིན་བྱས་ཏེ་འགན་འཁྲི་ཁག་དམ་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་དགོས།
ཚོགས་འདུ་མ་འཚོགས་གོང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“མེ་ཟོན་བདེ་འཇགས་འགན་འཁྲིའི་ལམ་ལུགས་དང་མེ་ཟོན་བདེ་འཇགས་དུས་བབ་དབྱེ་ཞིབ”ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།